ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁག་གཉིས་ཀྱིས་ས་གནས་ལ་སྐུལ་འདེད་བཏང་ནས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ལ་བརྟག་དཔྱད་བྱེད་པའི་ལས་ཕྱོད་ཆེ་རུ་གཏོང་དགོས་ཞེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཨན་པེ།   སྤེལ་དུས། : 2020-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས6ཉིན་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཉིས་ཀྱིས་ཉེ་ཆར་རྒྱལ་ཡོངས་འཕེལ་སྒྱུར་དང་འཕྲོད་བསྟེན་ཁོངས་གཏོགས་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་ས་གནས་ཁག་གིས་ནད་ཡམས་ཚོད་འཛིན་ལྟེ་གནས་དང་། སྨན་བཅོས་སྒྲིག་གཞི། ཕྱོགས་གསུམ་པའི་སྒྲིག་གཞི་སོགས་ཀྱི་ཞིབ་དཔྱད་ཚད་ལེན་ཐད་སྟོབས་ཤུགས་སྐོང་འཐེན་ནུས་ལྡན་བྱ་རྒྱུ་དང་། ཚོད་ལྟ་ཁང་སྒྱུར་བཀོད་རིམ་སྤོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིབ་དཔྱད་ཚད་ལེན་ཐད་དགོས་ངེས་ཀྱི་སྒྲིག་ཆས་བཀོད་སྒྲིག་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་དཔྱད་ལས་ཕྱོད་ཆེ་རུ་གཏོང་རྒྱུ་དང། དོགས་ཡོད་ནད་པ་རྣམས་འཕྲལ་མར་དུས་ཐོག་ཏུ་ཞིབ་དཔྱད་ཚད་ལེན་ཐུབ་པ་བཅས་བྱས་ནས་ནད་ཐོག་སྨན་བཅོས་དང་མཉམ་འགོག་མཉམ་བཅོས་བྱ་བར་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཕན་ཡོད་ཀྱི་དུས་ཚོད་བརྩོན་ལེན་བྱེད་པར་མཛུབ་ཁྲིད་བྱས།

 སྡེ་ཁག་གཉིས་ཀྱིས་ས་གནས་ཁག་གིས་ཞིབ་དཔྱད་ཚད་ལེན་གྱི་གྲལ་བཤེར་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་བཏང་ནས་སྨན་བཅོས་ལྟ་ཞིབ་དང་ཁྱིམ་སྡོད་ལྟ་ཞིབ་མི་སྣ་དང་། ལྷག་པར་དུ་གཙོ་གནད་རྣམ་གྲངས་དང་གཙོ་གནད་ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་སྐབས་སུ་མི་ཚོགས་ལ་གྲལ་བཤེར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ལྟ་ཞིབ་དུས་ཚོད་ཇེ་ཐུང་དུ་གཏོང་རྒྱུ། ལས་འགོ་བསྐྱར་ཚུགས་སྐབས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོར་འགན་ལེན་བྱ་དགོས་པར་བསྟན། ས་གནས་ཁག་གིས་མི10ཡི་མ་དཔེ་འདྲེས་གྲུབ་བྱས་ནས་མ་དཔེ1ཏུ་བཏང་ནས་མ་དཔེར་ཞིབ་བཤེར་བྱེད་དགོས་པའི་གསར་གཏོད་བྱེད་ཐབས་སྤྱད་དེ་གྲལ་བཤེར་གྱི་མྱུར་ཚད་མཐོ་རུ་བཏང་ནས་གྲལ་བཤེར་གྱི་མ་གནས་ཇེ་དམའ་རུ་གཏོང་དགོས། །(མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།