ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་གསུམ་ཁྱབ་ཁོངས་ཀྱི་བྱ་བ་གལ་ཆེན་དམ་འཛིན་བཟང་བོ་བྱས་ཏེ་ཕྱོགས་ཡོངས་འབྱོར་འབྲིང་དུས་ལྟར་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་པའི་སྐོར་གྱི་བསམ་འཆར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་སྔོན་ཞིང་གསུམ་ཁྱབ་ཁོངས་ཀྱི་བྱ་བ་གལ་ཆེན་དམ་འཛིན་བཟང་བོ་བྱས་ཏེ་ཕྱོགས་ཡོངས་འབྱོར་འབྲིང་དུས་ལྟར་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་པའི་སྐོར་གྱི་བསམ་འཆར་སྤེལ། བསམ་འཆར་ལས་ཉིས་སྟོང་ཉི་ཤུ་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་ཡིན་ལ། ཕྱོགས་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལ་རྒྱལ་ཁ་ལེན་པའི་ལོ་ཡིན། ཏང་ཀྲུང་དབྱང་གིས་གོང་གི་དམིགས་འབེན་དང་ལས་འགན་ཆེན་པོ་གཉིས་ཡོངས་འགྲུབ་བྱེད་ན། དབུལ་ཐར་མཁྲེགས་གཏོར་གྱི་མཇུག་མཐའི་བཙན་རྫོང་ངེས་པར་དུ་གཏོར་དགོས་ལ། ཕྱོགས་ཡོངས་འབྱོར་འབྲིང་གི་ཞིང་གསུམ་ཁྱབ་ཁོངས་ཀྱི་འབུར་ཐོན་ཞན་ཆ་ངེས་པར་དུ་གསབ་དགོས་པར་འདོད་ཅེས་བསྟན་ཡོད།

བསམ་འཆར་ལས་གཅིག་ནས་དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལས་རྣམ་པར་རྒྱལ་དགོས་པ་དང་། གཉིས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུུན་བྱེད་པའི་ཚད་གཞི་ལྟར་ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་མྱུར་དུ་གསབ་དགོས་པ། གསུམ་ནས་ཞིང་ས་ཐོན་རྫས་གལ་ཆེན་ནུས་ལྡན་སྒོས་མཁོ་འདོན་བྱེད་པ་དང་ཞིང་པའི་ཡོང་སྒོ་རྒྱུན་སྲིང་ངང་འཕར་བར་ཡར་སྐུལ་བྱེད་པར་འགན་སྲུང་བྱེད་དགོས་པ། བཞི་ནས་ཞིང་སྡེའི་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་དགོས་པ།ལྔ་ནས་ཞིང་སྡེའི་ཞན་ཆ་གསབ་པའི་འགན་སྲུང་བྱེད་ཐབས་ཇེ་དྲག་ཏུ་གཏོང་དགོས་པ་བཅས་ཀྱི་རེ་བ་བཏོན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།