ཀྲུང་གོ་བོད་ཀྱི་དྲ་བ།

ཟླ2ཚེས5ཉིན་གྱི་ཆུ་ཚོད24བར་གྱི་རྒྱལ་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་ཤོས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས5ཉིན་གྱི་ཆུ་ཚོད0ནས24བར་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྙན་ཞུའི་ནང་། གསར་ཏུ་གཏན་འཁེལ་བྱས་པའི་ནད་དཔེ3694(ཧུའུ་པེ་ཞིང་ཆེན་ལ་ནད་དཔེ2987)ཇེ་མང་དུ་ཕྱིན་པ་དང་སྨན་ཁང་ནས་ཕྱིར་བུད་པའི་ནད་དཔེ261(ཧུའུ་པེ་ཞིང་ཆེན་ལ་ནད་དཔེ1)ཇེ་མང་དུ་ཕྱིན། ཉིན་དེར་གསོ་རིག་ལྟ་ཞིབ་ལས་གྲོལ་བའི་མི་སྣ21365ཡོད་པ་རེད། ནད་དཔེ་ཚབས་ཆེན640(ཧུའུ་པེ་ཞིང་ཆེན་ལ་ནད་དཔེ564)ཇེ་མང་དུ་ཕྱིན་ལ། ནད་ཀྱིས་ཤི་བའི་ནད་དཔེ73(ཧུའུ་པེ་ཞིང་ཆེན་ལ་ནད་དཔེ70དང་ཐེན་ཅིན་ལ་ནད་དཔེ1། ཧེ་ལུང་ཅང་ལ་ནད་དཔེ1། ཀའེ་ཀྲིག་ལ་ནད་དཔེ1)མང་དུ་ཕྱིན་ཡོད།  དོགས་ཡོད་ནད་དཔེ5328(ཧུའུ་པེ་ཞིང་ཆེན་ལ་ནད་དཔེ3230)མང་དུ་ཕྱིན་པ་རེད།

ཟླ2པའི་ཚེས5ཉིན་གྱི་ཆུ་ཚོད24བར་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ནས་རིམ་རྩིས་བྱས་ན་གཏན་འཁེལ་བྱས་པའི་ནད་དཔེ28018ཡོད་པའི་སྙན་ཞུ་འབྱོར་ཞིང་། སྨན་ཁང་ནས་ཕྱིར་བུད་པའི་ནད་དཔེ་བསྡོམས་པས1153ཡོད་པ་དང་།  ལོགས་སུ་བཀར་ནས་གསོ་བཅོས་བྱེད་པའི་ནད་དཔེ26302(དེའི་ཁྲོད་ནད་གཞི་ལྕི་མོ་ཕོག་པའི་ནད་དཔེ3859)ཡོད།  རིམ་རྩིས་བྱས་ན་ནད་ཀྱིས་ཤི་བའི་ནད་པ563དང་།  དོགས་ཡོད་ནད་དཔེ24702ཡོད་པ་རེད། བསྡོམས་པས་ནད་པ་དང་འབྲེལ་འདྲིས་ཟབ་པའི་མི282813ལ་རྗེས་སྙེག་ཐུབ་པ་བྱུང་བ་དང་། འབྲེལ་འདྲིས་ཟབ་པའི་མི186354ལ་གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་སྒང་རེད།

 རིམ་རྩིས་བྱས་ན་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ས་ཁུལ་གྱི་བརྡ་ཁྱབ་ནང་གཏན་འཁེལ་བྱས་པའི་ནད་དཔེ42འབྱོར་བ་སྟེ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ལ་ནད་དཔེ21(ནད་ཀྱིས་ཤི་བའི་ནད་དཔེ1ཡོད)དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་ནད་དཔེ10། ཐའེ་ཝན་ས་ཁུལ་ལ་ནད་དཔེ11བཅས་ཡོད་པ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།