ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། ཟླ་གཉིས་པའི་ཚེས་གསུམ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་རིམས་ནད་འགོག་བཅོས་བྱ་བར་ཤུགས་སྣོན་པའི་ཐད་ལ་གསུང་བཤད་གལ་ཆེན་གནང་། བསམ་བློ་དང་བྱ་སྤྱོད་གཉིས་ཀ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་དང་གཅིག་གྱུར་བྱས་ཏེ། ནན་ཏན་སྒོས་བྱ་བ་སྣ་ཚོགས་བསྒྲུབ་དགོས་པ་དང་། དངོས་འབེབས་བྱ་བ་ཞི་ཕྲ་དང་ནན་ཏན་སྒོས་བསྒྲུབ་ནས། བློ་ཐག་རྦད་ཆོད་སྒོས་རིམས་ནད་རྒྱ་ཡན་དུ་འགྲོ་བ་གཏན་འགོག་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ས་གནས་ཀྱི་འགན་འཁྲི་དངོས་འབེབས་བྱེད་པ་དང་སྨན་བཅོས་འགོག་སྲུང་ལྭ་བ་དང་ཁ་ཐུམ་སོགས་ཁེ་ལས་ཀྱིས་མྱུར་དུ་ལས་འགོ་རྩོམ་པ་དང་ཐོན་ནུས་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་དགོས། ཚད་གཞི་དང་མཐུན་པའི་ནང་འདྲེན་དངོས་རྫས་མྱུར་དུ་བཀོལ་སྤྱོད་བྱེད་དགོས་ལ། ཁེ་ལས་དང་ལྷག་པར་དུ་ཀྲུང་དབྱང་ཁེ་ལས་དང་མཐུན་སྦྱོར་བྱས་ཏེ་འཚོ་བའི་ཐད་ཀྱི་དགོས་མཁོའི་དངོས་རྫས་ཐོན་སྐྱེད་བྱེད་པ་དང་འགྲིམ་འགྲུལ་དྲ་རྒྱ་གེགས་མེད་ཤར་གཏོང་བྱེད་པ་འགན་སྲུང་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་སྨན་བཅོས་ཐོན་ཁུངས་འདོན་སྤྲོད་འབྲེལ་མཐུད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། དངོས་རྫས་གཙོ་བོ་ཉིན་རེར་བཀོད་སྒྲིག་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས། ལས་ཁུངས་སོ་སོས་རང་རང་གི་འགན་འཁྲི་དང་ལེན་བྱེད་པ་དང་རང་འགུལ་སྒོས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག ཡིད་ཆེད་ཇེ་བརྟན་དུ་གཏོང་བ་དང་དཀའ་སྡུག་མཉམ་སེལ་བྱེད་པ། ཚན་རིག་དང་མཐུན་པར་འགོག་བཅོས་བྱེད་པ། གནད་ཕིགས་སྲིད་ཇུས་ལག་བསྟར་བྱས་ཏེ། རྦད་ཆོད་སྒོས་རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།