ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་ཧུའུ་པེ་ཞིང་ཆེན་གྱི་རིམས་ནད་འགོག་བཅོས་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་ཆེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ཁྲིད་དེ་ཝུའུ་ཧན་སོགས་ས་ཁུལ་དུ་སོང་སྟེ་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་སྔར་ལས་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་བ་དང་། འགོ་ཁུངས་གཏན་འགོག་བྱ་བ་དམ་འཛིན་བྱེད་པ། རྦད་ཆོད་སྒོས་རིམས་ནད་འགོག་བཅོས་བྱེད་ཐབས་ལག་བསྟར་བྱེད་པ། རིམས་ནད་རྒྱ་ཡན་དུ་འགྲོ་བ་གཏན་འགོག་བྱས་ནས། རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པར་ལྟ་སྐུལ་མཛུབ་སྟོན་བྱས།

ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ཝུའུ་ཧན་གྲོང་ཁྱེར་རིམས་ནད་འགོག་བཅོས་བཀོད་འདོམས་པུའུ་ལ་སོང་སྟེ་རིགས་བགར་གཅིག་བསྡུས་སྒོས་དང་ལེན་དང་སྨན་བཅོས་བྱེད་པ་དང་ལོགས་སུ་བགར་བའི་བྱ་བའི་དངོས་འབེབས་འཕེལ་རིམ་ལ་རྒྱུན་ལོན་ཞིབ་མོ་བྱས་པ་དང་ཡུལ་དངོས་ནས་གནས་པའི་གནད་དོན་ཐག་བཅད། སུན་ཁྲུན་ལན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་དབྱང་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་བྱས་ཏེ། རྒྱལ་ཡོངས་ཀྱི་བསམ་བཀོད་གཅིག་རྒྱུན་འཁྱོངས་བྱེད་པ་དང་། དུས་ཚོད་དམ་འཛིན་དང་རིམས་ནད་འགོག་བཅོས་བྱ་བར་གཙོགས་འཛིན་བྱས་ནས། རྦད་ཆོད་སྒོས་རིམས་ནད་རྒྱ་ཡན་དུ་འགྲོ་བ་གཏན་འགོག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།