ཀྲུང་གོ་བོད་ཀྱི་དྲ་བ།

ཚན་རྩལ་པུའུ་ཡིས་ནད་དུག་འགོག་པའི་སྨན་རྫས་གདམ་གསེས་ལས་དོན་སྤེལ་བཞིན་ཡོད་ཅེས་བཤད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས4ཉིན་ཚན་རྩལ་པུའུ་སྐྱེ་དངོས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སུན་ཡན་རུང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཚུན་ལ། ང་ཚོས་ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་ལས་དོན་དེ་ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ་དང་། སྔོན་འགོག་ཚོད་འཛིན་གྱི་ལག་ལེན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྨན་རྫས་ཞིབ་འཇུག་དང་གསར་སྤེལ་ཐད་གཙོ་བོར་དྲག་སྐྱེད་བྱུང་ཚད་མཐོ་རུ་གཏོང་བ་དང་ཤི་ཚད་ཇེ་དམའ་རུ་གཏོང་རྒྱུ་ནི་འཕྲལ་སྡོམ་ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་ཁྲོད་གལ་ཆེན་ནང་གི་འགངས་ཆེན་ལ་བརྩི་བཞིན་ཡོད་ཞེས་བཤད།

 རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་དེ་ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་སུན་ཡན་རུང་གིས་བཤད་རྒྱུར། ཚན་རྩལ་པུའུ་ཡིས་ཁྲོམ་རར་བཏོན་ཟིན་པ་དང་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱེད་བཞིན་པའི་སྨན་རྫས་ཁྲོད་བརྒྱུད་རིམ་ལྡན་པ་དང་གཞི་ཁྱོན་ཆེ་བའི་འདེམས་སྒྲུག་ལས་དོན་སྤེལ་བཞིན་ཡོད་ལ། ནད་དུག་འགོག་པའི་སྨན་རྫས་རུའེ་ཏེ་ཤིས་ཝུའེ་ཕུད་ལིན་སྐྱུར་ཁིལ་ཁུན་དང་། ཧྥ་ཕིས་ལ་ཝེ། དེ་མིན་ཀྲུང་ལུགས་སྨན་རྫས་ཁྲོད་ནད་དུག་འགོག་ནུས་ཀྱི་གསོན་ཤུགས་ལྡན་པའི་སྨན་རྫས་སྐོར་ཞིག་ཁྲོམ་རར་འདོན་ཡོད་པ་རྩད་ཆོད། མིག་སྔར་ཚན་རིག་ཞིབ་འཇུག་ཚོགས་པས་རིམ་གྱིས་སྲོག་ཆགས་ལ་ཚོད་ལྟ་དང་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟར་སྐུལ་འདེད་གཏོང་བཞིན་པའི་སྒང་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།