ཀྲུང་གོ་བོད་ཀྱི་དྲ་བ།

ཟླ2ཚེས4ཉིན་གྱི་ཆུ་ཚོད24བར་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་ཤོས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས4ཉིན་གྱི་ཆུ་ཚོད0ནས24བར་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྙན་ཞུའི་ནང་། གསར་ཏུ་གཏན་འཁེལ་བྱས་པའི་ནད་དཔེ3887(ཧུའུ་པེ་ཞིང་ཆེན་ལ་ནད་དཔེ3156)ཇེ་མང་དུ་ཕྱིན་པ་དང་ནད་དཔེ་ཚབས་ཆེན431(ཧུའུ་པེ་ཞིང་ཆེན་ལ་ནད་དཔེ377)ཇེ་མང་དུ་ཕྱིན་ལ། ནད་ཀྱིས་ཤི་བའི་ནད་དཔེ65(ཧུའུ་པེ་ཞིང་ཆེན་ལ་ནད་དཔེ65)མང་དུ་ཕྱིན་ཡོད། སྨན་ཁང་ནས་ཕྱིར་བུད་པའི་ནད་དཔེ262(ཧུའུ་པེ་ཞིང་ཆེན་ལ་ནད་དཔེ125)ཇེ་མང་དུ་སོང་། དོགས་ཡོད་ནད་དཔེ3971(ཧུའུ་པེ་ཞིང་ཆེན་ལ་ནད་དཔེ1957)མང་དུ་ཕྱིན་པ་རེད།

ཟླ2པའི་ཚེས4ཉིན་གྱི་ཆུ་ཚོད24བར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ནས་རིམ་རྩིས་བྱས་ན་གཏན་འཁེལ་བྱས་པའི་ནད་དཔེ24324(ཧེ་ནན་ཞིང་ཆེན་དུ་ནད་དཔེ1ཉུང་དུ་ཕྱིན་པ)ཡོད་པ་སྙན་ཞུ་འབྱོར་ཞིང་། ད་ཆ་ནད་གཞི་ལྕི་མོ་ཕོག་པའི་ནད་དཔེ3219ཡོད་ལ། རིམ་རྩིས་བྱས་ན་ནད་ཀྱིས་ཤི་བའི་ནད་པ490དང་། སྨན་ཁང་ནས་ཕྱིར་བུད་པའི་ནད་དཔེ་བསྡོམས་པས892(ཧེ་ནན་ཞིང་ཆེན་དང་ཧུའུ་པའེ་ཞིང་ཆེན་གཉིས་ལ་ནད་དཔེ1རེ་ཇེ་ཉུང་དུ་ཕྱིན་པ)ཡོད་པ་དང་། དོགས་ཡོད་ནད་དཔེ23260ཡོད་པ་རེད།

མིག་སྔར། རིམ་རྩིས་བྱས་ན་ནད་པ་དང་འབྲེལ་འདྲིས་ཟབ་པའི་མི252154ལ་རྗེས་སྙེག་ཐུབ་པ་བྱུང་བ་དང་། ཉིན་དེར་གསོ་རིག་ལྟ་ཞིབ་ལས་གྲོལ་བའི་མི་སྣ18457དང་། ད་ཆ་མི185555ལ་གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་སྒང་རེད།

 རིམ་རྩིས་བྱས་ན་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ས་ཁུལ་གྱི་བརྡ་ཁྱབ་ནང་གཏན་འཁེལ་བྱས་པའི་ནད་དཔེ39འབྱོར་བ་སྟེ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ལ་ནད་དཔེ18(ནད་ཀྱིས་ཤི་བའི་ནད་དཔེ1ཡོད)དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་ནད་དཔེ10། ཐའེ་ཝན་ས་ཁུལ་ལ་ནད་དཔེ11བཅས་ཡོད་པ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།