འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་འོས་འཚམ་སྒོས་འཕྲོད་བསྟེན་ནད་ཡམས་བརྟག་ཞིབ་ས་ཚིགས་བཙུགས་ནས་དུས་ཐོག་ཏུ་བགྲོད་ལམ་གྱི་གནས་ཚུལ་ཡོངས་བསྒྲགས་བྱེད་དགོས་ཞེས་བཤད་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས2ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཛ་དྲག་གི་བརྡ་ཐོ་བཀྲམ་ནས་ས་གནས་ཁག་གིས་ས་གནས་དེ་གའི་མྱུར་བགྲོད་གཞུང་ལམ་དྲ་བའི་ཞིབ་ཕྲའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། གཞི་ཁྱོན་ཆེ་བ་དང་ལམ་ཐིག་གཙོ་བོ་མིན་པའི་མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུའི་ཁུལ་དང་དངུལ་བསྡུ་ས་ཚིགས་ཀྱི་ཐང་ཆེན་སོགས་དང་། མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་གཙོ་གནད་ཡིན་ས་ནས་གདམ་ག་གང་ལེགས་བྱས་ཏེ་རིམས་ནད་ཞིབ་བཤེར་ས་ཚིགས་འཛུགས་དགོས་པའི་བླང་བྱ་བཏོན་པ་རེད། དེ་དང་ཆབས་ཅིག་སྤྱི་ཚོགས་ཡོངས་ལ་མྱུར་བགྲོད་གཞུང་ལམ་གྱི་གནས་ཚུལ་དང་འགྲིམ་འགྲུལ་དོ་དམ་སོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱ་རྒྱུ་དང་། ལྷག་པར་དུ་འཕྲོད་བསྟེན་ནད་ཡམས་བརྟག་ཞིབ་ས་ཚིགས་དང་དེ་བཞིན་དེ་མཚུངས་ཀྱི་ལམ་དུམ་དུ་དུས་ཡུན་རིང་པོ་དང་ལམ་ཐག་རིང་པོར་ཤར་འགྲོ་བྱེད་མི་ཐུབ་པའི་གནས་ཚུལ་བྱུང་ཚེ་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཐེངས་ཇེ་མང་དུ་བཏང་ནས་སྤྱི་དམངས་ལ་འགྲོ་སྐྱོད་ལམ་ཐིག་ལུགས་མཐུན་སྒོས་གདམ་ག་བྱེད་པར་གསལ་འདེབས་བྱ་རྒྱུའམ་ཡང་ན་འགྲོ་སྐྱོད་བྱེད་ཚད་དལ་བ་དང་ལམ་འགག་པའི་གནས་ཚུལ་ཇེ་སྡུག་ཏུ་མི་འགྲོ་བར་སྣེ་ཁྲིད་བྱེད་དགོས། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།