ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་བཀོད་པ་བརྒྱུད་ནས་དམག་དཔུང་གིས་སྨན་བཅོས་སྟོབས་ཤུགས་སྐོང་འཐེན་བྱས་ཏེ་ཝུའུ་ཧན་ཧོ་ཧྲིན་རི་བོའི་སྨན་ཁང་གི་སྨན་བཅོས་མྱུར་སྐྱོབ་ལས་འགན་འཁུར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་བཀོད་པ་བརྒྱུད་ནས། དམག་དཔུང་གིས་སྨན་བཅོས་མི་སྣ་སྟོང་གཅིག་དང་བཞི་བརྒྱ་སྐོང་འཐེན་བྱས་ཏེ་ཟླ་གཉིས་པའི་ཚེས་གསུམ་ཉིན་ནས་བཟུང་ཝུའུ་ཧན་ཧོ་ཧྲན་རི་བོའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཆེད་ལས་སྨན་ཁང་གི་སྨན་བཅོས་མྱུར་སྐྱོབ་ལས་འགན་འཁུར་འགོ་བརྩམས། སྨན་ཁང་དེས་གཙོ་བོ་ནད་ངོས་བཟུང་བའི་ནད་པར་སྨན་བཅོས་བྱ་རྒྱུ་ཡིན་པ་དང་། ཉལ་ཁྲི་སྟོང་གཅིག་བཀོད་སྒྲིག་བྱས་ཡོད་ལ། ནད་པ་ལྕི་མོའི་ལྟ་སྲུང་ནད་ཁུལ་དང་། ནད་པ་ལྕི་མོའི་སྨན་བཅོས་ཁུལ། སྤྱིར་བཏང་གི་ནད་ཁུལ་བཅས་བཙུགས་ཡོད་པར་མ་ཟད། འགོས་ནད་ཚོད་འཛིན་དང་ཞིབ་བཤེར། དམིགས་བསལ་ནད་བརྟག་སྨན་བཅོས། འཕྲོ་འོད་ནད་དཔྱད་སོགས་གཞོགས་འདེགས་ཚན་ཁག་ཀྱང་བཙུགས་ཡོད།

ཐེངས་འདིར་སྐོང་འཐེན་བྱས་པའི་སྨན་བཅོས་སྟོབས་ཤུགས་ནི་དམག་ཡོངས་ཀྱི་སྨན་བཅོས་ལས་ཁུངས་མི་འདྲ་བའི་སྨན་བཅོས་མི་སྣ་ཡིན་ལ། དེའི་ནང་དུ་ཆེད་མཁས་པ་བཅོ་ལྔས་གྲུབ་པའི་མཉམ་འབྲེལ་ཆེད་མཁས་ཚན་ཁག་གིས་ཡུལ་དངོས་ནས་སྨན་ཁང་གི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་མཛུབ་སྟོན་བྱ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། སྨན་བཅོས་མི་སྣའི་ཁྲོད་ཀྱི་མི་མང་པོ་ཞའོ་ཐང་ཧྲན་སྨན་ཁང་ནས་རྒྱུན་ལྡན་མིན་པའི་གློ་ཚད་འགོག་བཅོས་ཀྱི་ལས་འགན་དང་། སེ་ར་ལེ་ཨོང་དང་ལི་པི་ཡ་ནས་རིམས་ནད་ཨེ་པོ་ལའི་འགོག་བཅོས་ལས་འགན་ཁྲོད་ཞུགས་མྱོང་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།