ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་ཧུའུ་པེ་ཞིང་ཆེན་དུ་རིམས་ནད་འགོག་བཅོས་བྱ་བར་མཛུབ་སྟོན་དང་ཞིབ་བཤེར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གཉིས་པའི་ཚེས་གཅིག་ཉིན། ཀྲུང་དབྱང་གི་ཧུའུ་པེ་ཞིང་ཆེན་དུ་སོང་བའི་མཛུབ་སྟོན་ཚན་ཁག་གིས་རིམས་ནད་འགོག་བཅོས་གནས་ཚུལ་ཡར་ཞུ་བྱས་པར་ཉན་པར་མ་ཟད་ཞའོ་ཀན་གྲོང་ཁྱེར་དུ་སོང་ནས་ཡུལ་དངོས་སུ་མཛུབ་སྟོན་དང་ཞིབ་བཤེར་བྱས་ནས། ཁྲིམས་ལྟར་འགོག་བཅོས་དང་ཚན་རིག་དང་མཐུན་པར་འགོག་བཅོས། མཉམ་འགོག་མཉམ་འཛིན་བྱེད་དགོས་པའི་རེ་བ་བཏོན།

སུན་ཁྲུན་ལན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་ཐག་རྦད་ཆོད་སྒོས་རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པར་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཀྲུང་དབྱང་གི་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར་དང་འགོས་ནད་འགོག་བཅོས་བཅའ་ཁྲིམས་ཀྱི་རེ་བ་ལྟར། ཁྲིམས་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས་བྱེད་པ་དང་། གནད་ཕིགས་ནུས་ལྡན་སྲིད་ཇུས་ལག་བསྟར་བྱས་ནས། རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་དགོས་ཟེར།

ཉིན་དེའི་ཕྱི་དྲོར། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ཞའོ་ཀན་གྲོང་ཁྱེར་རིམས་ནད་འགོག་བཅོས་ལྟེ་གནས་ཀྱི་ཞིབ་བཤེར་ཚད་ལེན་ཁང་དུ་སོང་སྟེ་དོགས་ཡོད་ནད་པར་ཞིབ་བཤེར་ཚད་ལེན་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། སུན་ཁྲུན་ལན་གྱིས་ཞའོ་ནན་ཆུས་དབྱང་ཏེན་གྲོང་རྡལ་ཁྲན་ཁྲོན་སྡེ་བ་རུ་ལས་རེས་བྱེད་བཞིན་པའི་སྡེ་བའི་ལས་བྱེད་པར་འཚམས་འདྲི་བྱས་པ་དང་། མཉམ་འགོག་མཉམ་འཛིན་དང་ནད་པ་རྒུད་སྐྱོབ་དང་མང་ཚོགས་ཀྱི་འཚོ་བ་འགན་སྲུང་བྱས་པའི་གནས་ཚུལ་སོགས་ཞིབ་འདྲི་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།