ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་དུས་བཅད་ལྟར་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨུན་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དུས་བཅད་ལྟར་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨུན་ལ་ཁ་པར་བཏང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་བདེ་ཐང་དེ་གོ་གནས་དང་པོར་བཞག་སྟེ་མངོན་གསལ་སྒོས་ཁྱབ་སྒྲོག་བྱེད་པ་དང་ནུས་པ་ལྡན་ཞིང་གོ་རིམ་ཡོད་པའི་སྒོ་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱ་བ་གང་ལེགས་སྒོས་སྤེལ་བཞིན་ཡོད། མིག་སྔའི་བྱ་བ་གཙོ་བོ་ནི་རིམས་ནད་མཆེད་པར་གཏན་འགོག་བྱེད་པ་དང་། ནད་པར་སྨན་བཅོས་མྱུར་སྐྱོབ་བཟང་བོ་བྱེད་རྒྱུ་དེ་ཡིན་ལ།  དེ་དང་མཉམ་དུ་མི་དམངས་མང་ཚོགས་དང་དེ་མིན་ཀྲུང་གོ་ན་སྡོད་པའི་ཕྱི་རྒྱལ་པའི་རྒྱུན་ལྡན་འཚོ་བའི་སྒྲིག་ལམ་ལ་འགན་སྲུང་བྱེད་རྒྱུ་དེ་ཡིན། ཀྲུང་གོ་སྲིད་གཞུང་དང་མི་དམངས་ལ་ཐེངས་འདིའི་རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པར་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོད་པ་དང་ནུས་པ་ཆེན་པོ་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ང་ཚོས་དེང་སྐབས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རིམས་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོ་ན་འབད་འཐབ་བྱེད་བཞིན་པའི་སྨན་བཅོས་མི་སྣར་མཁོ་བའི་སྨན་བཅོས་དངོས་རྫས་འགན་སྲུང་བྱེད་ཀྱིན་ཡོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྲུང་གོ་ཕྱོགས་ལ་ཚོང་ལས་ཐབས་ལམ་བརྒྱུད་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ནས་སྨན་བཅོས་དངོས་རྫས་ཉོ་སྡུད་བྱེད་པར་དགོས་ངེས་ཀྱི་སྟབས་བདེ་འདོན་སྤྲོད་བྱེད་རྒྱུ་ནི་རེ་བ་ཡིན། ང་ཚོས་ཡོ་རོབ་གླིང་མནའ་འབྲེལ་དང་བཅས་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཆ་འཕྲིན་ལ་ཤུགས་སྣོན་ཞིང་སྲིད་ཇུས་འབྲེལ་འདྲིས། ལག་རྩལ་བརྗེ་རེས་བྱས་ཏེ་འབྲེལ་ཡོད་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

ཧྥིན་ཏི་ལའེ་ཨུན་གྱིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་འགོག་བཅོས་ཐད་སྤྱད་པའི་བྱེད་ཐབས་ལ་བརྩི་འཇོག་དང་ཁས་ལེན་བྱེད་པར་མ་ཟད། ནུས་ཤུགས་གང་ཡོད་བཏོན་ནས་ཀྲུང་གོ་ཕྱོགས་ལ་རོགས་རམ་བྱེད་པ་དང་། འབྲེལ་ཡོད་ཁོངས་གཏོགས་རྒྱལ་ཁབ་དང་མཐུན་སྦྱོར་བྱས་ཏེ་ཀྲུང་གོས་སྨན་བཅོས་དངོས་རྫས་ཉོ་སྡུད་བྱེད་པར་སྟབས་བདེ་བཟོ་ངེས་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།