ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་བློ་ཐག་རྦད་ཆོད་སྒོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་བྱས་ཏེ། དམག་དཔུང་གི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་བློ་ཐག་རྦད་ཆོད་སྒོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་བྱས་ཏེ། དམག་དཔུང་གི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་རང་རྟོགས་སྒོས་ཏང་ཀྲུང་དབྱང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐབས་ཇུས་མཛུབ་སྟོན་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་ཏང་དང་མི་དམངས་ཀྱིས་དམག་དཔུང་ལ་གནང་བའི་རིམས་ནད་འགོག་བཅོས་ལས་འགན་ཡོངས་འགྲུབ་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། དམག་དཔུང་གིས་རིམས་ནད་འགོག་བཅོས་ལས་འགན་དང་ལེན་བྱེད་པར་ངོས་འཛིན་གསལ་བོ་བྱེད་པ་ནི་ཏང་དང་མི་དམངས་ཀྱིས་ཡིད་ཆེས་བྱེད་པ་དང་། ཐོག་མའི་འགན་འཁྲི་ལག་ལེན་བྱེད་པའི་དངོས་ཡོད་ཀྱི་རེ་བ་ཡིན་ལ། གནད་འགག་དུས་སྐབས་སུ་མི་དམངས་དམག་གིས་དང་ལེན་བྱེད་པའི་ཆབ་སྲིད་ཁག་ཁུར་ཡིན་ཟེར།

བརྡ་ཐོ་ལས་བསྟན་དོན། བཀའ་བརྡའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་བཀའ་བརྡ་བཏང་མ་ཐག་ཏུ་དང་ལེན་བྱེད་པ་དང་སྤོབས་པ་ཆེན་པོས་འགན་འཁྲི་ལག་བསྟར་བྱེད་དགོས་ལ། རིམས་ནད་འགོག་བཅོས་ཀྱི་གདོང་ལེན་རུ་ཁག་དང་འཕྲལ་སྒྲུབ་རུ་ཁག་བཟང་བོ་ཞིག་བྱེད་དགོས། དམིགས་འབེན་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་མི་དམངས་ཀྱི་ཁེ་ཕན་ཡོད་ཚད་མཐོ་བ་ཡིད་ལ་དམ་པོར་བཅངས་ཤིང་། སྤོབས་པ་ཆེན་པོས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་གི་སྲུང་སྐྱོབ་མཁན་བྱེད་དགོས་པ་དང་། མི་དམངས་དམག་གི་ཐོག་མའི་རང་མདངས་མངོན་པར་བྱེད་དགོས། ཁྱོན་ཡོངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་རིམས་ནད་འགོག་རྒོལ་ཐད་ནས་དམག་སྲིད་མཐུན་སྦྱོར་དང་དམག་དམངས་མཐུན་སྒྲིལ་བྱས་ཏེ་རྒྱལ་ཁ་ལེན་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།