ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་ཧུའུ་པེ་ཝུའུ་ཧན་དུ་རིམས་ནད་འགོག་བཅོས་ཐད་ལ་མཛུབ་སྟོན་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བསྟུད་མར་ཉིན་འགའི་རིང་ལ། ཀྲུང་དབྱང་གི་ཧུའུ་པེ་ཞིང་ཆེན་དུ་སོང་བའི་མཛུབ་སྟོན་ཚན་ཁག་སྨན་ཁང་དང་གཞིས་ཁུལ། ཞིང་སྡེ་སོགས་ལ་སོང་ནས་འབྲེལ་ཡོད་ལས་ཁུངས་ཀྱིས་ནད་པ་ལྗི་མོ་རྒུད་སྐྱོབ་བྱེད་པར་ཤུགས་སྣོན་པ་དང་ཞིང་སྡེ་དང་གཞིས་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལ་ཤུགས་བསྣན་ནས་ཤི་ཚད་སྔར་ལས་ཇེ་དམའ་རུ་འགྲོ་བར་མཛུབ་སྟོན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་འགན་སྲུང་བྱས།

མིག་སྔར། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་ཧུའུ་པེ་ཝུའུ་ཧན་དུ་ཁྱད་སྟོབས་ཐོན་ཁུངས་གཅིག་སྡུད་དང་ཆེས་ཕུལ་དུ་བྱུང་བའི་ཆེད་མཁས་པ་གཅིག་སྡུད་བྱེད་པ་དང་། ནད་པ་ལྗི་མོ་རྣམས་གཅིག་སྡུད་བྱས་ནས་ཆེས་བཟང་བའི་སྨན་ཁང་དུ་རྒུད་སྐྱོབ་བྱེད་པར་མཛུབ་སྟོན་བྱས། དེ་ལས་གཞན་ད་དུང་ཚན་རིག་དང་མཐུན་པའི་སྒོ་ནས་རྒུད་སྐྱོབ་བྱེད་པའི་ནུས་པ་ཇེ་ཆེར་བཏང་ནས། ནད་པའི་བདེ་ཐང་སྲུང་སྐྱོབ་བྱས་པ་དང་ཤི་ཚད་ཇེ་དམའ་རུ་བཏང་།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།