ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་ཚབ་བྱས་ཏེ་དོ་དམ་བྱེད་པའི་ཏང་གི་གྲོན་དངུལ་ཁྲོད་ནས་སྒོར་དུང་ཕྱུར་གཅིག་དང་ས་ཡ་བརྒྱད་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོག་བཅོས་བྱ་བར་རྒྱབ་སྐྱོར་བྱེད་པར་བཀོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོལ་ཁོལ་མངོན་མཚོན་བྱེད་ཆེད། ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་འཐད་པ་བྱུང་བ་བརྒྱུད་ནས། ཉེ་སྔོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་ཚབ་བྱས་ཏེ་དོ་དམ་བྱེད་པའི་ཏང་གི་གྲོན་དངུལ་ཁྲོད་ནས་ཞིང་ལྗོངས་དང་གྲོང་ཁྱེར་སོ་གཅིག་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་ལ་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་གཅིག་ས་ཡ་བརྒྱད་བྱིན་ནས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོག་བཅོས་ཀྱི་བྱ་བ་སྒྲུབ་པར་རྒྱབ་སྐྱོར་བྱས།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་པ་གལ་ཆེན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ། རིམས་ནད་འགོག་བཅོས་བྱ་བ་དེ་དེང་སྐབས་ཀྱི་ཆེས་གལ་ཆེ་བའི་བྱ་བར་བརྩིས་ནས་དམ་འཛིན་བྱེད་པ་དང་། ཡིད་ཆེས་ཇེ་བརྟན་དུ་བཏང་ནས་རིམས་ནད་འགོག་བཅོས་ཀྱི་འཐབ་མོ་ལས་རྣམ་པར་རྒྱལ་བར་བྱེད་དགོས་ལ། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་དོན་དངོས་གཞིར་བཟུང་སྟེ་རིམ་པ་རང་གིས་དོ་དམ་བྱེད་པའི་ཏང་གི་གྲོན་དངུལ་ཁྲོད་ནས་ཆ་སྡེབས་མ་དངུལ་དོན་འཁྱོལ་བྱས་ཏེ། ཏང་གི་གྲོན་དངུལ་དེ་མྱུར་དུ་གཞི་རིམ་ལ་བྱིན་ནས། ཆེད་དངུལ་ཆེད་བཀོལ་བྱེད་དགོས་པའི་རེ་བ་བཏོན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།