ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་རིམས་ནད་འགོག་རྒོལ་འཐབ་ཕྱོགས་དང་པོ་ནས་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་ཉམས་སད་རྟོག་ཞིབ་བྱེད་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་ཐག་རྦད་ཆོད་སྒོས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་ཐད་ལ་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་ཆེད། ཏང་ཀྲུང་དབྱང་དང་ཀྲུང་དབྱང་རྩ་འཛུགས་པུའུ། དེ་མིན་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་བཀོད་སྒྲིག་ལྟར། ཉེ་ལམ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་རིམས་ནད་འགོག་རྒོལ་འཐབ་ཕྱོགས་དང་པོ་ནས་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་ཉམས་སད་རྟོག་ཞིབ་བྱེད་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

བརྡ་ཐོ་ལས་བསྟན་དོན། རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་འདུ་ཤེས་བཞི་ཇེ་དྲག་དུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས་པ་དང་། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་སུ་གཏོང་བ། བསམ་བློ་དང་བྱ་སྤྱོད་གཉིས་ཀ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་གཅིག་གྱུར་བྱེད་དགོས་ལ། འགན་འཁུར་བའི་ལས་འགན་དང་འགན་འཁྲི་ངོས་འཛིན་གསལ་བོ་བྱེད་པ་དང་། ཡིད་ཆེས་བརྟན་ཞིང་དཀའ་སྡུག་མཉམ་སེལ་བྱེད་པ་དང་། ཚན་རིག་དང་མཐུན་པར་འགོག་བཅོས་བྱེད་པ་དང་གནད་ཕིགས་སྲིད་ཇུས་ལག་བསྟར་བྱེད་དགོས་ལ། རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པ་དེ་དེང་སྐབས་ཀྱི་ཆབ་སྲིད་ལས་འགན་དང་པོར་འཇོག་པ་དང་། རིམས་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོར་འགྲོ་རྒྱུ་དེ་ཐོག་མའི་འགན་འཁྲི་ལག་བསྟར་བྱེད་པ་དང་འགན་འཁྲི་ཁག་ཁུར་གྱི་མཚོན་བྱེད་ཡིན་ལ། ཏང་གི་ཆབ་སྲིད་ཁྱད་སྟོབས་དང་རྩ་འཛུགས་ཁྱད་སྟོབས། མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པའི་ཁྱད་སྟོབས་དེ་རིམས་ནད་འགོག་བཅོས་ཀྱི་སྟོབས་ལྡན་ཆབ་སྲིད་ཁྱད་སྟོབས་སུ་བསྒྱུར་ནས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་མཐའ་འཁྱོལ་བྱེད་རྒྱུར་འགན་སྲུང་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།