ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་ཀྲུང་དབྱང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ་སྔར་ལས་ལྷག་པའི་སྒོ་ནས་རིམས་ནད་འགོག་བཅོས་ཚོད་འཛིན་གནས་བབ་ལ་ཞིབ་འཇུག་བྱས་པ་དང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འགོག་སྲུང་ཚོད་འ

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་པ་དང་། འགོག་བཅོས་ཚོད་འཛིན་གྱི་གནས་བབ་གཞིར་བཟུང་སྟེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འགོག་བཅོས་ཚོད་འཛིན་བྱ་བར་ཤུགས་སྣོན་བྱེད་པར་བཀོད་སྒྲིག་བྱས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིན་གྲོས་ཚོགས་ལ་ཞུགས། 

གྲོས་ཚོགས་ནས་བསྟན་དོན། ཟླ་དང་པོའི་ཚེས་ཉེར་བདུན་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན། ལས་བྱེད་པ་བཅས་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་ནུས་པ་གལ་ཆེན་འདོན་པར་མཛུབ་སྟོན་གལ་ཆེན་བཏོན། ཀྲུང་གུང་ཀྲུང་དབྱང་གིས་དོན་དེའི་ཐད་ནས་ཆེད་དུ་བརྡ་ཐོ་བཏང་། མིག་སྔའི་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ཀྱང་། རིམས་ནད་སྔར་བཞིན་རྒྱ་ཡན་དུ་འགྲོ་བཞིན་ཡོད་ལ། གནས་བབ་རྙོག་འཛིང་དང་ཛ་དྲག་ཏུ་གྱུར་ཡོད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་བརྡ་ཐོའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་ཀྱི་ཁེ་ཕན་ཡོད་ཚད་ལས་མཐོ་བ་ཡིད་ལ་དམ་པོར་བཅངས་ཏེ། ཡིད་ཆེས་བརྟན་པོ་དང་དཀའ་སྡུག་མཉམ་མྱོང་། ཚན་རིག་འགོག་བཅོས། གནད་འཁེལ་ཇུས་བསྟར་བཅས་ཀྱི་རེ་བ་ལག་ལེན་གང་ལེགས་བྱས་ནས། འབད་བརྩོན་ཆེན་པོས་ཚན་རིག་དང་མཐུན་པའི་བཀོད་སྒྲིག་ཞིབ་མོ་བྱས་ཏེ་རིམས་ནད་རྒྱ་ཡན་དུ་འགྲོ་བའི་རྣམ་པར་ཚོད་འཛིན་བྱེད་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་རྩོད་ལ་རྒྱལ་ཁ་ལོན་པར་བྱེད་དགོས་ཟེར། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། མིག་སྔའི་རིམས་ནད་འགོག་བཅོས་ཚོད་འཛིན་ལས་མ་ལག་ཚགས་དམ་པ་དང་གནད་འགག་དམ་འཛིན་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་ཤུགས་སྣོན་བྱས་ཤིང་། ཤུགས་ཆེན་པོས་ནད་པར་གསོ་བཅོས་བྱས་ཏེ། རིམས་ནད་བྱུང་ཚད་ཇེ་དམའ་རུ་གཏོང་དགོས། ཝུའུ་ཧན་གྲོང་ཁྱེར་ཉེ་འདབས་ཀྱི་ས་ཁུལ་མང་བོའི་ནད་པ་ཚབས་ཆེན་གྱི་གསོ་བཅོས་སྟོབས་ཤུགས་ལ་ཤུགས་སྣོན་པའི་ཞོར་དུ་སྡོད་ཁུལ་དང་ཞིང་སྡེའི་རིམས་ནད་འགོག་བཅོས་ཚོད་འཛིན་ལ་ཤུགས་སྣོན་དགོས་ཟེར། 

གྲོས་ཚོགས་ནས་བསྟན་དོན། མྱུར་དུ་སྨན་བཀོལ་འགོག་སྲུང་ལྭ་བ་དང་ཁ་ཐུམ། འགོག་སྲུང་མིག་ཤེལ། སྨན་རྫས་སོགས་ཀྱི་ཐོན་སྐྱེད་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་བྱེད་པར་རྩ་འཛུགས་བྱེད་དགོས་པ་དང་། འཚོ་བའི་མཁོ་དངོས་ཀྱི་མཁོ་འདོན་ལ་ཤུགས་སྣོན་དང་ས་ཁུལ་གཙོ་བོའི་སྔོ་ཚལ་སོགས་ཀྱི་མཁོ་འདོན་ལ་ཁག་ཐེག་བྱས་ཏེ། བྲེལ་མྱུར་སྐྱེལ་འདྲེན་ལས་འགན་ལག་བསྟར་བྱེད་པའི་རླངས་འཁོར་བཀག་མེད་རིན་མེད་དུ་བགྲོད་པར་ཁག་ཐེག་བྱེད་དགོས། 

གྲོས་ཚོགས་ནས་བསྟན་དོན། ལུགས་རྙིང་ལོ་སར་རོལ་རྗེས་ཕྱིར་ལོག་པའི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་དགོས། ཧུའུ་པེ་སོགས་རིམས་ནད་ཚབས་ཆེན་ཡིན་པའི་ཞིང་ཆེན་དང་གྲོང་ཁྱེར་ལ་ཁྲིམས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་དགོས་ལ། ལས་གཉེར་སོགས་ཕྱིར་འགྱངས་བྱེད་པའི་དགོས་ངེས་ཀྱི་བྱེད་ཐབས་འོས་འཚམ་སྤྱོད་དགོས་ཟེར། 

གྲོས་ཚོགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འབྲེལ་འགོག་བཅོས་ཚོད་འཛིན་རྐྱེན་སྲོལ་དེས་མགོ་ཁྲིད་ཚན་ཆུང་གི་མགོ་ཁྲིད་འོག ཉིན་རྒྱུན་གྱི་གྲོས་ཚོགས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། འགོག་བཅོས་ཚོད་འཛིན་བྱ་བའི་ཁྲོད་ནས་འཕྲོད་པའི་གནད་དོན་གལ་ཆེན་ལ་དུས་ལྟར་མཐུན་སྦྱོར་ཐག་གཅོད་བྱེད་པ་དང་། འགོག་བཅོས་ཚོད་འཛིན་ལ་མཁོ་བའི་སྨན་བཅོས་མི་སྣ་དང་སྨན་བཀོལ་དངོས་རྫས། སྡོད་དམངས་ཀྱི་འཚོ་བའོ་མཁོ་དངོས་སོགས་དུས་ལྟར་འདོན་སྤྲོད་བྱེད་དགོས་པའི་ིརེ་བ་བཏོན། 

མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཏེན་ཞོས་ཞང་དང་། ཧོང་ཁོང་མེན། ཝེ་ཆི། ཝང་ཡེ། ཞའོ་ཅེ། ཀྲའོ་ཁི་ཀྲི་སོགས་དང་འབྲེལ་ཡོད་ཆེད་མཁས་པ་གྲོས་ཚོགས་ལ་ཞུགས། 

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།