ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དམག་དཔུང་གིས་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་མཛུབ་སྟོན་གལ་ཆེན་གནངས།

ཡོང་ཁུངས། : ཀྲུང་དབྱང་བརྙན་འཕྲིན་དྲ་བ།     སྤེལ་དུས། : 2020-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་དམག་དཔུང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་པའི་ཐད་མཛུབ་སྟོན་གལ་ཆེན་གནངས། 

ཞི་ཅིན་ཕིང་གིས་བསྟན་དོན། ཧུའུ་པེ་ཞིང་ཆེན་གྱི་ཝུའུ་ཧན་གྲོང་ཁྱེར་སོགས་ས་ཁུལ་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་རྗེས་སུ། རང་རེའི་དམག་དཔུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཤིང་། མཉམ་འགོག་མཉམ་བཅོས་ཀྱི་བྱ་བའི་རྐྱེན་སྲོལ་མྱུར་དུ་ལག་བསྟར་བྱས་ཏེ། ཧྲག་དམག་རྩ་འཛུགས་བྱས་ནས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ལས་ཡུལ་དང་པོར་མངག་གཏོང་བྱས་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནས་བབ་སྔར་བཞིན་ཛ་དྲག་ཡིན། དམག་དཔུང་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་བཀོད་འདོམ་འོག མི་དམངས་དམག་དཔུང་གི་དམིགས་འབེན་ཡིད་ལ་དམ་པོར་བཅངས་པ་དང་། བཀའ་རྒྱ་དང་དུ་ལེན་པ། ལས་འགན་ལྗིད་མོ་ཁུར་དུ་ལེན་པ། འཐབ་འཁྲུག་བྱེད་པའི་བློ་སྤོབས་ཆེན་མོས་ས་གནས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་རོགས་སྐྱོར་གང་ལེགས་བྱེད་དགོས། རང་རེའི་དམག་དཔུང་གིས་ཝུའུ་ཧན་ཧའོ་ཧྲིན་ཧྲན་སྨན་ཁང་གི་གསོ་བཅོས་ལས་འགན་ཁུར་དུ་བླངས་པ་དེ་ལས་ཏང་དང་མི་དམངས་ཀྱིས་ཡིད་ཆེས་ཆེན་པོ་བྱེད་པ་མཚོན་ཡོད་པས། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། དམག་དཔུང་དང་ས་གནས་ཀྱི་མཐུན་སྦྱོར་ཇེ་ཟབ་ཏུ་གཏོང་བ། ཚན་རིག་ལྟར་གསོ་བཅོས་བྱེད་པ་རྒྱུན་འཁྱོངས། རང་སྟེང་གི་འགོག་སྲུང་བཟང་བོར་བསྒྲུབས་ཏེ། ངག་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བ་དང་འགན་འཁྲི་སྣང་མེད་དུ་བསྐྱུར་མི་རུང་། རང་རེའི་དམག་དཔུང་གི་འབྲེལ་ཡོད་སྨན་ཁང་གིས་ནད་པའི་གསོ་བཅོས་བྱ་བ་བཟང་བོར་བསྒྲུབས་པ་དང་། ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱིས་ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་བྱ་བ་མྱུར་དུ་སྤེལ་ནས། ཧུར་ཐག་སྒོས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་རྒྱལ་ཁ་ལོན་པར་བྱས་རྗེས་འཇོག་དགོས་ཞེས་གསུངས། 

རྩོམ་སྒྲིག་པ། : འབུམ་པ་རྒྱལ།