ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་བྱས་ཏེ་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་རྒྱལ་ཁ་ལེན་པར་ཆབ་སྲིད་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་པའི་སྐོར་གྱི་བརྡ་ཐོ་པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གིས་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་བྱས་ཏེ་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་རྒྱལ་ཁ་ལེན་པར་ཆབ་སྲིད་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་པའི་སྐོར་གྱི་བརྡ་ཐོ་པར་སྐྲུན་འགྲེམ་སྤེལ་བྱས། 

བརྡ་ཐོ་ལས་བསྟན་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐོང་ཆེན་མཛད་ཅིང་། མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་སྤེལ། ཐེངས་མང་བོར་མགོ་འཛིན་མཛད་དེ་གྲོས་ཚོགས་བསྡུས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པར་མ་ཟད་རེ་བ་གསལ་བོ་བཏོན། ཟླ་དང་པོའི་ཚེས་ཉེར་བདུན་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན། ལས་བྱེད་པ་བཅས་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་འཐབ་རྩོད་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པའི་ཐད་མཛུབ་སྟོན་གལ་ཆེན་གནངས་ཏེ། རིམ་པ་སོ་སོའི་ཏང་ཨུ་དང་རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག མགོ་ཁྲིད་ལས་བྱེད་པ། གཞི་རིམ་ཏང་རྩ་འཛུགས། རྒྱ་ཆེའི་ཏང་ཡོན་བཅས་ཀྱིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་། དཔའ་མཛངས་ལྡན་པར་འབད་འཐབ་བྱེད་པ། བྱ་བ་ནན་བསྒྲུབ་བྱེད་པ། རྒྱ་ཆེའི་མི་དམངས་མང་ཚོགས་བར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བློ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབ་བྱེད་པ་དང་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་འཐབ་རྩོད་ཁྲོད་རྒྱལ་ཁ་ལེན་དགོས་པ་ནན་གྱིས་བསྟན། རིམ་པ་སོ་སོའི་ཏང་ཨུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་ཐད་ཆབ་སྲིད་ཀྱི་འགན་སྲུང་ཆེན་པོ་འདོན་སྤྲོད་བྱེད་དགོས་ཟེར། 

བརྡ་ཐོ་ལས་ནན་གྱིས་བསྟན་དོན། རིམས་ནད་ནི་བཀའ་རྒྱ་ཡིན་པ་དང་འགོག་བཅོས་ཚོད་འཛིན་ནི་འགན་འཁྲི་ཡིན། རིམས་ནད་རྒྱ་ཡན་དུ་འགྲོ་བའི་ཛ་དྲག་གི་གནས་བབ་འོག་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བསམ་བློ་དང་འགུལ་སྐྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ཤིང་། རང་གི་ཕྲག་ཏུ་བབས་པའི་འགན་འཁྲིར་ངེས་ཤེས་གསལ་བོ་ཡོད་པ་དང་། ཡིད་ཆེས་བརྟན་པོ་དང་དཀའ་སྡུག་མཉམ་མྱོང་། ཚན་རིག་འགོག་བཅོས། གནད་འཁེལ་ཇུས་བསྟར་བཅས་ཀྱི་རེ་བ་གཞིར་བཟུང་ནས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། མི་དམངས་ཀྱི་ཁེ་ཕན་ཡོད་ཚད་ལས་མཐོ་བ་ཡིད་ལ་དམ་པོར་འཛིན་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན། ལས་བྱེད་པ་བཅས་རྩ་འཛུགས་དང་སྐུལ་སློང་བྱས་ཏེ་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་གྱི་རྒྱལ་ཁ་ལེན་པ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བྱེད་དགོས་ལ། རིམས་ནད་འགོག་བཅོས་ཀྱི་ལས་ཡུལ་དང་པོར་ཞུགས་པ་དེ་ཐོག་མའི་སེམས་འདུན་དང་འགན་འཁྲི་ལག་བསྟར་བྱེད་པ་དང་ཁག་ཁུར་ལྡན་པར་བྱེད་པའི་རྨང་གཞིར་བྱས་ནས། ཏང་གི་ཆབ་སྲིད་ཁྱད་སྟོབས་དང་རྩ་འཛུགས་ཁྱད་སྟོབས། མང་ཚོགས་བར་འབྲེལ་འདྲིས་དམ་པོ་བྱེད་པའི་ཁྱད་སྟོབས་བཅས་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་ཆབ་སྲིད་ཁྱད་སྟོབས་ཆེན་པོར་བསྒྱུར་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་དངོས་འབེབ་བྱེད་པར་འགན་སྲུང་བྱེད་པ་དང་། ཏང་གི་དར་ཆ་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་འཐབ་རྩོད་ཀྱི་ལས་ཡུལ་དང་པོར་ལྷབ་ལྷུབ་ཏུ་བསྐྱོད་དུ་འཇུག་དགོས་ཟེར། 

རིམ་པ་སོ་སོའི་ཏང་ཨུ་ཡིས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། ཁྱད་པར་དུ་མགོ་ཁྲིད་ལས་བྱེད་པས་རིམས་ནད་ཀྱི་འགོག་བཅོས་འཐབ་རྩོད་ཁྲོད་དཔའ་མཛངས་ལྡན་པར་འབད་འཐབ་དང་བྱ་བ་ནན་བསྒྲུབས། ཉམས་སད་ཐེག་པ་བཅས་བྱེད་དགོས། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ལས་ཡུལ་དང་པོར་ལས་བྱེད་པར་རྟོག་ཞིབ་དང་གསལ་འབྱེད། གདེང་འཇོག བེད་སྤྱོད་བཅས་བྱས་ཏེ། མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་རིམས་ནད་འགོག་བཅོས་ཚོད་འཛིན་འཐབ་རྩོད་ཁྲོད་ཀྱི་དོན་དངོས་རྣམ་འགྱུར་ནི་ཆབ་སྲིད་བྱང་ཚད་དང་དམིགས་ཡུལ་འདུ་ཤེས། ཁྱོན་ཡོངས་འདུ་ཤེས། མགོ་ཁྲིད་ནུས་པ། ཁག་ཁུར་སྙིང་སྟོབས་བཅས་ལ་བརྟག་པའི་ནང་དོན་གལ་ཆེན་དུ་བྱེད་དགོས། རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་དང་སྒྲིག་ལམ་ཞིབ་བཤེར་ལྟ་ཞིབ་སྡེ་ཁག་གིས་རིམ་པ་སོ་སོའི་མགོ་ཁྲིད་འོག རང་འགུལ་གྱིས་འགན་འཁྲི་ལག་བསྟར་བྱས་ཏེ་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། 

རིམ་པ་སོ་སོའི་ཏང་ཨུ་ཡིས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་རྩོད་བཙན་རྫོང་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་མཆོངས་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དག་སྐུལ་སློང་བྱས་ཤིང་། ཉེན་ཁར་མི་འཛེམ་པ་དང་སྒེར་སེམས་མེད་པར་ཡོད་ཚད་འབུལ་བའི་སྙིང་སྟོབས་དར་སྤེལ་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ལས་ཡུལ་དང་པོར་བསྡད་དེ། གང་དུ་ཉེན་ཁ་ཆེ་བའི་ལས་འགན་ཡོད་ན་དེ་རུ་ཏང་རྩ་འཛུགས་ཀྱི་སྟོབས་དང་ལྡན་པའི་བྱ་བ་ཡོད་པ་དང་། དེ་རུ་ཏང་ཡོན་གྱི་གདོང་མཆོངས་དཔེ་སྟོན་ཡོད་པར་བྱེད་དགོས། 

རིམ་པ་སོ་སོའི་ཏང་ཨུ་ཡིས་འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཁག་དང་ལས་ཁུངས་དང་མཉམ་ལས་བྱས་ཏེ། ཆེད་མཁས་པ་དང་སྨན་བཅོས་མི་སྣའི་ཁྲོད་ཀྱི་ཏང་ཡོན་དང་ལས་བྱེད་པ་སྐུལ་སློང་དང་མངག་གཏོང་བྱས་ནས། ལས་འགན་ལྗིད་མོ་ཁུར་དུ་ལེན་པ་དང་དཀའ་ཁག་གདོང་གིས་བསུ་ནས་མདུན་དུ་བསྐྱོད་ནས། སྨན་བཅོས་མྱུར་སྐྱོབ་དང་ཚན་རྩལ་ཞིབ་འཇུག རྨང་གཞིའི་སྔོན་འགོག་སོགས་ལས་གནས་སུ་ནུས་པ་འདོན་སྤེལ་བྱེད་དགོས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།