ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རྒྱལ་ནང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ་སྟོང་ལྔ་དང་དགུ་བརྒྱ་དོན་བཞི་ཡོད་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་གྱི་ནམ་གུང་གི་དུས་ཚོད་བཅུ་གཉིས་བར་དུ། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་གཅིག་ཏུ་གསར་དུ་སྙན་ཞུ་བྱས་པའི་ནད་པ་སྟོང་གཅིག་དང་བཞི་བརྒྱ་ང་དགུ་ཇེ་མང་དུ་སོང་བ་དང་། གནས་ཚུལ་ཚབས་ཆེན་ཡིན་པའི་ནད་པ་ཉིས་བརྒྱ་དང་རེ་གསུམ་ཇེ་མང་དུ་སོང་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པ་ཉེར་དྲུག་ཇེ་མང་དུ་སོང་། གསོ་བཅོས་བྱས་ཏེ་སངས་དྲག་ཏུ་གྱུར་བའི་ནད་པ་ཞེ་གསུམ་ཁ་སྣོན་བྱས་པ་དང་། དོགས་ཡོད་ནད་པ་སྟོང་གསུམ་དང་ཉིས་བརྒྱ་ཞེ་བརྒྱད་ཇེ་མང་དུ་སོང་ཡོད་ལ། དེའི་ནང་བོད་ལྗོངས་སུ་དོགས་ཡོད་ནད་པ་གཅིག་ཡོད། 

ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་གྱི་ནམ་གུང་དུས་ཚོད་བཅུ་གཉིས་བར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ལ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་གཅིག་ནས་རིམ་བརྩིས་ཀྱིས་ནད་པ་སྟོང་ལྔ་དང་དགུ་བརྒྱ་དོན་བཞིའི་སྙན་ཞུ་འབྱོར་བ་དང་། ད་ལྟ་གནས་ཚུལ་ཚབས་ཆེན་ཡིན་པའི་ནད་པ་སྟོང་གཅིག་དང་ཉིས་བརྒྱ་སོ་དགུ་ཡོད། རིམ་བརྩིས་ཀྱིས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་བརྒྱ་དང་སོ་གཉིས་ལ་བསླེབ་ཡོད། རིམ་བརྩིས་ཀྱིས་ནད་པ་བརྒྱ་དང་གསུམ་སྨན་ཁང་ལས་ཕྱིར་བུད། ད་ལྟ་དོགས་ཡོད་ནད་པ་སྟོང་དགུ་དང་ཉིས་བརྒྱ་སོ་དགུ་ཡོད་པ་རེད། 

མིག་སྔར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ་འབྲེལ་འདྲིས་ཟབ་པའི་མི་ཁྲི་དྲུག་དང་སྟོང་ལྔ་ལྔ་བརྒྱ་སོ་བདུན་གྱི་རྗེས་འདེད་བརྟག་དཔྱད་བྱས་པ་དང་། ཉིན་དེར་མི་སྟོང་གཅིག་དང་དྲུག་བརྒྱ་བཞིར་གསོ་རིག་བརྟག་དཔྱད་བྱས་ཏེ་ནད་མེད་པ་བདེན་དཔང་བྱས་ཡོད་ལ། ད་ལྟ་མི་ཁྲི་ལྔ་དང་སྟོང་དགུ་དགུ་བརྒྱ་དགུ་བཅུས་གསོ་རིག་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད། 

རིམ་བརྩིས་ཀྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་བརྒྱད་དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་བདུན། ཐེ་ཝན་ས་ཁུལ་དུ་ནད་པ་བརྒྱད་བཅས་ཡོད་ཁྱབ་བསྒྲགས་བྱས།  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།