རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས2020ལོའི་དཔྱིད་གསར་གུང་གསེང་ཕྱི་བསྣུར་སྐོར་གྱི་བརྡ་ཐོ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས2020ལོའི་དཔྱིད་གསར་གུང་གསེང་ཕྱི་བསྣུར་སྐོར་གྱི་བརྡ་ཐོ།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་ཁག་གི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་དང་ཐད་གཏོགས་ལས་ཁུངས་ཁག་ལ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོས་ཁྱབ་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་པ་དང་མི་ཚོགས་ཀྱི་འདུ་འཛི་ཇེ་ཉུང་དུ་གཏོང་བ། འགོས་ཁྱབ་ལ་བཀག་འགོག་ནན་མོ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་སྲུང་ལེགས་པོ་བྱ་ཆེད་དུ། དཔྱིད་གསར་དུས་ཆེན་གྱི་གུང་གསེང་ཕྱི་བསྣུར་གྱི་བྱེ་བྲག་བཀོད་སྒྲིག་སྐོར་ནས་གཤམ་གྱི་བརྡ་ཐོ་འདི་བཏང་བ་ཡིན།

གཅིག 2020 ལོའི་དཔྱིད་གསར་དུས་ཆེན་དེ་ཟླ2ཚེས2ཉིན་བར(ལུགས་རྙིང་གི་ཟླ་བ་དང་པོའི་ཚེས་དགུ་ཉིན་ཏེ་གཟའ་ཉི་མའི་ཉིན་བར)ཕྱི་བསྣུར་བྱས་པ་ཡིན། ཟླ2ཚེས3ཉིན་ལ་ལས་ཚོགས་སུ་ཞུགས་དགོས།

གཉིས། ས་གནས་ཁག་གི་སློབ་གྲྭ་ཆེ་འབྲིང་དང་། སློབ་ཆུང་སློབ་འབྲིང་། བུ་བཅོལ་ཁང་གི་སློབ་གྲྭ་ཚོགས་པའི་དུས་ཚོད་ཀྱང་ཕྱི་བསྣུར་བྱ་རྒྱུ་ཡིན་ལ། བྱེ་བྲག་གི་དུས་ཚོད་སློབ་གསོ་སྡེ་ཚན་ནས་ལོགས་སུ་བརྡ་རྒྱག་ངེས།

གསུམ། ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་དུས་འདིར་གུང་གསེང་མེད་པའི་ལས་བཟོ་བས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ཕྱིས་སུ་གུང་གསེང་གི་ཚབ་ཏུ་ངལ་གསོ་བརྒྱབ་ཆོག གལ་ཏེ་ངལ་གསོ་ཡང་རྒྱག་མ་ཐུབ་པའི་ལས་བཟོ་བའི་གླ་ཕོགས་དེ་འབྲེལ་ཡོད་སྲིད་ཇུས་ཀྱི་འགན་སྲུང་ཇི་བཞིན་ལག་བསྟར་བྱ་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་།

2020ལོའི་ཟླ1ཚེས26ཉིན།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།