ཀྲུང་གོ་བོད་ཀྱི་དྲ་བ།

ཡིད་ཆེས་བརྟན་པོས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་རྩོད་ལ་རྒྱལ་ཁ་ལེན་དགོས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རིམས་ནད་ནི་བཀའ་རྒྱ་དང་འགོག་བཅོས་ཚོད་འཛིན་ནི་འགན་འཁྲི་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནངས་ཏེ། འགོག་བཅོས་ཚོད་འཛིན་གྱི་འཐབ་རྩོད་ལ་རྒྱལ་ཁ་ལེན་དགོས་པའི་འབོད་སྐུལ་བཏང་བ་དེ་ལས་དགུན་ཁའི་འཁྱག་གྲང་ཁྲོད་ཀྱི་མི་དམངས་དུང་ཕྱུར་མང་བོར་ཡིད་ཆེས་དང་སྟོབས་ཤུགས་བསྩལ། མིག་སྔར། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དུས་ཚོད་དམ་འཛིན་བྱས་ཏེ་རིམས་ནད་འགོས་པའི་ནད་པར་གསོ་བཅོས་བྱེད་པ་དང་། འགོག་བཅོས་ཚོད་འཛིན་བྱེད་ཐབས་དངོས་འབེབ་བྱེད་དགོས་ལ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་སེམས་གཅིག་སྒྲིལ་གྱིས་རིམས་ནད་འགོག་བཅོས་བྱེད་དགོས། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ངེས་པར་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་སྟེ། ཕྱོགས་ཡོངས་ནས་སྐུལ་སློང་དང་བཀོད་སྒྲིག ཕྱོགས་ཡོངས་ནས་བྱ་བར་ཤུགས་སྣོན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཨང་དང་པོར་འཇོག་པ་དང་། རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བ་དེ་མིག་སྔའི་ཆེས་གལ་ཆེ་བའི་བྱ་བར་བརྩིས་ནས་དམ་འཛིན་བྱེད་དགོས་པར་གསུངས། 

ཟླ་དང་པོའི་ཚེས་ཉེར་དྲུག་ཉིན། བཅིངས་འགྲོལ་དམག་དང་ཧྲང་ཧེ་གྲོང་ཁྱེར་གྱི་སྨན་བཅོས་ཆེད་མཁས་པ་ཝུའུ་ཧན་གྲོང་ཁྱེར་གྱི་ཅིན་ཡུན་ཐན་སྨན་ཁང་དུ་བསྡད་པ་དང་། རོགས་སྐྱོར་སྨན་བཅོས་དངོས་རྫས་ཀྱང་བསྟུད་མར་འབྱོར། 

གནད་འགག་གི་སྐབས་འདིར་སྨན་བཅོས་ཀྱི་ཐད་ནས་སྡོད་ཁུལ་གྱི་རིམས་འགོག་ལ་འགན་སྲུང་བྱེད་དགོས་པ་དང་། ཝུའུ་ཧན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་ལ་འགོག་བཅོས་བྱེད་དགོས། ཝུའུ་ཧན་གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་མཚམས་བཞག་པའི་དབང་གིས་ལས་ཡུལ་དང་པོར་འབད་འཐབ་བྱེད་པའི་སྨན་བཅོས་མི་སྣའི་འགྲོ་འདུག་ལ་ཤུགས་རྐྱེན་ཐེབས་ཡོད། དྲ་གླས་རླངས་འཁོར་གྱི་ཁ་ལོ་བས་གྲུབ་པའི་སྨན་བཅོས་འགན་སྲུང་རླངས་འཁོར་རུ་ཁག་གིས་རིན་མེད་དུ་སྨན་བཅོས་མི་སྣ་སྐྱེལ་ལེན་བྱེད་པའི་ལས་འགན་དང་དུ་བླངས། 

ཝུའུ་ཧན་གྱི་སྡོད་ཁུལ་བྱ་བ་བྱེད་མཁན་དག་གིས་སྡོད་ཁུལ་གྱི་རིམས་འགོག་བྱ་བ་མང་བོའི་འགན་ཁུར་ཡོད། རིམས་ནད་བྱུང་བར་ངོས་འཛིན་བྱས་པའི་ནད་པའི་ཁྱིམ་མི་དང་འབྲེལ་འདྲིས་ཟབ་པའི་མི་རེ་འགར་སྡོད་ཁུལ་སྡོད་དམངས་ཨུ་ཡོན་ལྷན་ཁང་གིས་ཉིན་རེ་བཞིན་སེམས་ཁུར་བྱེད་བཞིན་ཡོད་པ་དང་། འགྲོ་འདུག་སྟབས་མི་བདེ་བའི་མི་རྣམས་ལ་འཚོ་བའི་མཁོ་དངོས་སྐྱེལ་བཞིན་ཡོད། 

ཚེ་སྲོག་སྐྱོབ་པའི་ཆེད་དུ་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་སྨན་བཅོས་མི་སྣར་བྲེལ་མྱུར་སྐུལ་སློང་བྱས། མདང་དགོང་ནས་དེ་རིང་བར། ལའོ་ཉིན་དང་ཅི་ལིན། ཧྲའན་ཞི། ཧྲན་ཞི་སོགས་ས་ཁུལ་གྱི་སྨན་བཅོས་རུ་ཁག་ལམ་དུ་ཆས་ཏེ་ཧུའུ་པེ་ལ་རོགས་སྐྱོར་བྱེད་དུ་ཡོང་། 

ཁ་ཐུམ་དང་འགོག་སྲུང་ལྭ་བ། ནད་དུག་ཞིབ་བཤེར་དཔྱད་ཆས། རིགས་སྣ་ཚོགས་ཀྱི་སྨན་བཅོས་དངོས་རྫས་ཀྱང་ཉིན་མཚན་མེད་པར་ཐོན་སྐྱེད་དང་སྐྱེལ་འདྲེན་བྱེད་བཞིན་ཡོད། 

ཧྲན་ཏུང་ཧི་ཙེ་དང་ཅང་ཞིའི་ནན་ཁྲང་སོགས་ས་ཁུལ་གྱི་ལྕགས་ལམ་སྡེ་ཁག་གིས་ཆེད་དུ་བཀག་མེད་རྒྱུ་ལམ་བཀོད་སྒྲིག་བྱས་ཏེ། དངོས་ཟོང་དག་དུས་ཐོག་ཏུ་ཧུའུ་པེ་རུ་སྐྱེལ་འདྲེན་བྱེད་པར་ཁག་ཐེག་བྱས། 

ཁྲིས་ལྟར་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་འགོག་བཅོས་ཚོད་འཛིན་བྱེད་པར་རྒྱལ་ཡོངས་ཀྱི་ཞིང་ཆེན་སུམ་ཅུ་ཡིས་གློ་བུར་དུ་བྱུང་བའི་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་གྱི་རིམ་པ་དང་པོ་དོགས་ཟོན་དང་ལེན་བྱེད་རྒྱུ་ཁྱབ་སྒྲོག་བྱས་ཏེ། འགོག་བཅོས་ཚོད་འཛིན་བྱེད་ཐབས་གཟབ་ནན་གྱིས་ལག་བསྟར་བྱས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།