ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོའི་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་ཁས་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་གཉིས་ཉིན་གྲོས་ཚོགས་བསྡུས་ཏེ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་གྲོས་བསྡུར་བྱས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པས་བསྟན་དོན། ཀྲུང་གོས་སྤྱད་པའི་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཧ་ཅང་གལ་ཆེན་ཡིན་ཟེར། 

ཐན་ཏི་སེ་ཡིས་གྲོས་ཚོགས་གྲོལ་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔའི་གནས་ཚུལ་ལ་བལྟས་ན། བརྡ་འཕྲིན་སྔར་ལས་མང་བོ་ཡོད་ན་ད་གཟོད་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་དེ་རྒྱལ་སྤྱིས་དོ་སྣང་བྱེད་པའི་ཐོལ་བྱུང་བའི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ཞིག་ཏུ་འགྱུར་མིན་ཐག་གཅོད་བྱེད་ཐུབ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚོགས་ཁག་རྩ་འཛུགས་བྱས་ཏེ་མིག་སྔར་ཀྲུང་གོ་དང་ས་དེའི་ཆེས་མཁས་པ་དང་དཔོན་རིགས་བར་མཉམ་ལས་བྱས་ནས་རྟོག་ཞིབ་བྱེད་བཞིན་ཡོད། ཁོས་ཀྲུང་གོའི་འཕྲོད་བསྟེན་སྡེ་ཁག་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བར་མཉམ་ལས་བྱས་པར་བཀའ་དྲིན་ཞུས་པ་དང་། ཀྲུང་གོས་སྤྱད་པའི་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཧ་ཅང་གལ་ཆེན་ཡིན་པར་འདོད། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་གསུམ་ཉིན་མུ་མཐུད་དུ་གྲོས་ཚོགས་བསྡུས་ཏེ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་གྲོས་བསྡུར་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།