ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱིས་བློ་མཐུན་རྒན་པར་སྐོར་བརྒྱབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་སོ་སོར་སྐུ་དངོས་སམ་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་གཞན་ལ་ངག་བཅོལ་བྱས་ཏེ། ཅང་ཙེ་མེན་དང་། ཧུའུ་ཅིན་ཐའོ། ཀྲུའུ་རོང་ཅི། ལིས་རོས་ཧོན། ཝུའུ་པང་གོ། ཝུན་ཅཱ་པའོ། ཅཱ་ཆིན་ལིན། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། སུང་ཕེན། ལིས་ལན་ཆིན། ཙུན་ཆིན་ཧོང་། ཝུའུ་ཀོན་ཀྲིན། ལིས་ཁྲང་ཁྲོན། ལོ་ཀན། ཧི་གོ་ཆང་། ལིས་ཡུན་ཧྲན། ཀྲང་ཀའོ་ལོས། ཐེན་ཅི་ཡུན། ཁྲུ་ཧའོ་ཐེན། ཅང་ཁྲོན་ཡུན། ཝང་ལི་ཆོན། ཝང་ཀྲའོ་གོ། ཧོས་ལིང་ཡུས། ལིག་ཆི། ཝུའུ་དབྱེ། ཚའོ་ཀང་ཁྲོན། ཙུན་ཕའེ་ཡན། ཝང་ཀང་། ལིག་ཡན་ཏུང་། ལིས་ཡོན་ཁྲའོ། མཱ་ཁའེ། ལིས་ཅན་གོ། ཧྥན་ཁྲང་ལུང་། མིན་ཅན་ཀྲུའུ། གོ་ཅིན་ལུང་། ཝང་ཧན་པེན། ཧི་ཡུང་། ཏུའུ་ཆིན་ལིན། ཀྲའོ་ཧོང་ཀྲུའུ། ཝང་པེན་ཆན། ཙིག་ཅཱ་ཧྭ། ཕིན་ཕའེ་ཡུན། ཀྲིག་ཀོང་ཀྲའོ། ཚའོ་ཀྲི། ལིས་ཐིས་དབྱིན། ཧི་ལུའུ་ལོས། ཞུའུ་ཅཱ་ལུའུ། ཅང་ཀྲིན་ཧྭ། ཀུའུ་ཞིག་ལེན། རག་བསྡུས། ཧྲིན་ཧྭ་རིན། ལུའུ་ཡུང་ཞང་། ཝུའུ་ཡུན་ཆི་མུའུ་ཀི། ཧྭ་ཅན་མེན། ཁྲིན་ཀྲི་ལི། ཀྲིག་ཐིས་ནོང་། སི་མཱ་དབྱེ་ཐིས་ལི་ཝ་ཨར་ཏིས། ཅང་ཧྲུའུ་ཧྲིན། སང་གོ་ཝེ། ཝང་ཧྲིན་ཅོན། ཁྲིན་ཁྲང་ཀྲི། ཡན་ཞིག་ཆི། ཀྲང་ཕེན། བྱམས་པ་ཕུན་ཚོགས། ཀྲང་པའོ་ཝུན། ཐང་ཅཱ་ཞོན། ལིང་ཀོང་ལེ། ཏའེ་པེན་གོ། ཁྲང་ཝན་ཆོན། ཧན་ཧྲུའུ་པེན། ཅཱ་ཁྲོན་ཝང་། རིན་ཅན་ཞིན། སུང་ཅན། ཆན་ཀྲིན་དབྱིན། ཝུའུ་ཆི་ལི། ཝང་ཀྲུང་ཡུས། ལིས་ཀོས་ཞན། ཀྲང་སི་ཆིང་། ཀྲང་ཁི་ཧོས། ཧའོ་ཅན་ཞིག ཞུའུ་ཁོང་ཏིས། ཀྲང་ཧོའེ་ཞི། ལིས་མིན། ལའོ་ཧོས། པེ་ལི་ཀྲིན། ཁྲིན་ཁོས་ཡོན། ཨ་པུའུ་ལའེ་ཐིས་ཨ་པུའུ་ཏུའུ་རི་ཞི་ཐིས། ལིས་ཀྲའོ་ཀྲོའུ། ཧོང་མིན་ཧྥུའུ།  ཀྲང་མཱེ་ཡུན། ཀྲང་རོང་མེན། ཆན་ཡུང་ལུའུ། སུང་ཅཱ་ཀྲིན། ལིས་ཅིན་ཧྭ། ཀྲིན་ཝན་ཐུང་། ཏུན་ཕུའུ་ཧྥང་། ལིས་ཝུའུ་ཝེ། ཁྲིན་ཙུང་ཞིན། ཝང་ཀྲི་ཀྲིན། ཧན་ཆི་ཏི། ལིན་ཝུན་ཡེ། ལོ་ཧྥུའུ་ཧི། ལིས་ཧེ་ཧྥུན། ཁྲིན་ཡོན། ཀྲིག་ཞའོ་ཁྲོན། ཝང་ཅཱ་རོས། ཆི་ཞུའུ་ཁྲོན། མཱ་ཕའེ་ཧྭ། ལིག་ཞའོ་ཧྥུན། ཝང་ཆན་མེན་སོགས་བློ་མཐུན་རྒན་པར་སྐོར་བརྒྱབ་སྟེ། བློ་མཐུན་རྒན་པ་དག་ལ་ལྷག་བསམ་རྣམ་དག་གིས་དུས་ཆེན་གྱི་འཚམས་འདྲི་བྱས་པར་མ་ཟད། བློ་མཐུན་རྒན་པ་དག་ལ་སྙིང་ཐག་པ་ནས་ལོ་སར་ལ་སྤྲོ་སྐྱིད་ལྡན་པ་དང་ཚེ་ཐག་རིང་བའི་སྨོན་འདུན་ཞུས། 

བློ་མཐུན་རྒན་པ་དག་གིས་བཀའ་དྲིན་ཞུས་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཐུན་སྒྲིལ་བྱས་ཏེ་ཏང་ཡོངས་དང་དམངས་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ཆ་ནས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་གོང་བཀུར་བྱེད་རྒྱུའི་ཚུལ་བསྟན། བློ་མཐུན་རྒན་པ་དག་གིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་སྐབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཤིང་། ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས། ཡིད་ཆེས་བརྟན་པོ་དང་བློ་སེམས་གཅིག་མཐུན། ཡར་སྐུལ་བརྩོན་ལེན། གསར་གཏོད་གསར་སྤེལ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་བརྩོན་ལེན་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་རླབས་ཆེན་རྒྱལ་ཁ་བླངས་ཏེ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་རེ་བ་བཏོན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།