ལིས་ཁི་ཆང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད།

1125495353_15797005162931n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གཉིས་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་དུ་རྟོག་ཞིབ་མཛད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བྱེད་པ། འཕེལ་རྒྱས་ཁྲོད་ནས་དམངས་འཚོའི་དཀའ་གནད་ཐག་གཅོད་བྱེད་པ་དང་། དམངས་འཚོའི་དོན་དངོས་བཟང་བོར་བསྒྲུབས་ཏེ། མི་རིགས་སོ་སོའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་བཏང་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་འགན་སྲུང་བྱེད་དགོས་པ་ནན་བཤད་མཛད། 

ཞིང་ཞོར་ཐོན་རྫས་ཉོ་ཚོང་ཚོང་ར་འདུ་འཛིས་ཁེངས་ཡོད་པ་དང་། ལིས་ཁི་ཆང་གིས་མང་ཚོགས་ལ་ལོ་སར་གྱི་རྟེན་འབྲེལ་ཞུས། ལིས་ཁི་ཆང་ཚོང་རའི་སྟེགས་བུ་འགར་ཕེབས་ཏེ་ཚོང་རའི་མཁོ་འདོན་དང་། ཁྱད་པར་དུ་སྐམས་ལུག་ཤ་དང་། ཕག་ཤའི་རིན་གོང་སོགས་གནས་ཚུལ་ལ་རྒྱུས་ལོན་མཛད། ལིས་ཁི་ཆང་གིས་གསུང་དོན། ལུགས་རྙིང་ལོ་སར་ནི་ཁྱིམ་ཚང་ཡོད་ཚད་ལྷན་འཛོམས་བྱེད་པའི་ཉིན་བཟང་ཡིན་པས། ཚོང་རའི་མཁོ་འདོན་དང་རིན་གོང་གཏན་འཇགས་ལ་ཁག་ཐེག་བྱས་ཏེ། མང་ཚོགས་ཚང་མས་སྐམས་ལུག་ཤ་དང་ཡང་ན་ཕག་ཤ་ཟ་ཐུབ་པར་བྱེད་པ་དང་། སྤྲོ་སྐྱིད་ཀྱི་ལོ་སར་ཞིག་རོལ་དུ་འཇུག་དགོས་ཟེར། 

1125495353_15797005163831n.jpg

སྡོད་ཁུལ་རྙིང་བ་ནས་མང་ཚོགས་དག་སྡོད་ཁུལ་གྱི་བཅོས་བསྒྱུར་ལ་རེ་འདུན་དྲག་པོ་ཡོད་པ་དང་མ་དངུལ་བཏང་ནས་ཟབ་ཞུགས་བྱེད་འདོད་ཡོད་པ་ཤེས་རྗེས་ལིས་ཁི་ཆང་གིས་གསུང་དོན། རྒྱ་ཆེའི་མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་དོན་དེ་ང་ཚོས་མཐའ་གཅིག་ཏུ་བཟང་བོར་བསྒྲུབ་དགོས། འདས་པའི་ལོ་འགའི་ནང་། ང་ཚོས་གཞི་རྒྱ་ཆེ་བའི་ཁང་རྙིང་བཅོས་བསྒྱུར་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་སྡོད་གནས་ཆ་རྐྱེན་ལེགས་བཅོས་བྱས་ཡོད། སྡོད་ཁུལ་རྙིང་བོའི་བཅོས་བསྒྱུར་ནི་དམངས་འཚོའི་བཟོ་སྐྲུན་ཡིན་པར་མ་ཟད་འཕེལ་རྒྱས་ཀྱི་བཟོ་སྐྲུན་ཡང་ཡིན་པས། སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། སྡོད་དམངས་དང་སྤྱི་ཚོགས་ཧྲིལ་བོ་མཉམ་དུ་ཟབ་ཞུགས་བྱས་ཏེ། རྒན་གསོ་དང་སྨན་བཅོས་སོགས་ཞབས་ཞུ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། ལོ་ལོན་དག་ལ་སྤྲོ་སྐྱིད་ཀྱི་ཚེ་མཇུག་རོལ་དུ་འཇུག་པ་དང་བྱིས་པ་དག་བདེ་བླག་ངང་འཚར་ལོངས་འབྱུང་དུ་འཇུག་དགོས་ཞེས་གསུངས། སྲང་ལམ་འགྲམ་གྱི་ཟ་ཁང་ནས་ལིས་ཁི་ཆང་གིས་ཚོང་བས་ཟ་མའི་བྲོ་བ་བཟང་དགོས་པར་མ་ཟད་ཟས་རིགས་ཀྱི་གཙང་སྦྲར་ཁག་ཐེག་བྱེད་དགོས་པའི་སྐུལ་མ་བཏང་། 

ལིས་ཁི་ཆང་གིས་མཚོ་སྔོན་གྱིས་ཉེ་བའི་ལོ་འགའི་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་ལེན་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།