ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་ཉི་ཤུ་ལོའི་ཐེ་ཝན་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅུ་དགུ་ཉིན། ཉིས་སྟོང་ཉི་ཤུ་ལོའི་ཐེ་ཝན་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེ་ཝན་བྱ་བའི་ཐད་གནང་བའི་རྒྱས་བཤད་གལ་ཆེན་ལ་ནན་ཏན་སྒོས་སློབ་སྦྱོང་ དང་གོ་བ་ཟབ་མོ་ལེན་དགོས་པ་དང་། བློ་བརྟན་འགྱུར་མེད་སྒོས་ཞི་བདེ་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ལག་བསྟར་བྱེད་དགོས་ལ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐེ་ཝན་བྱ་བའི་ཐབས་ཇུས་བཀོད་སྒྲིག་ས་ཆ་ཀུན་ཏུ་དངོས་འབེབས་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ནས་རླབས་ཆེན་རྒྱལ་ཁ་ལེན་པ་དང་མེས་རྒྱལ་གཅིག་གྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཝང་དབྱང་གིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་པ་དང་གནས་བབ་ཆེན་པོ་ཁོང་དུ་ཆུད་པར་བྱས་ཤིང་། དུས་རབས་གསར་བའི་ཐེ་ཝན་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེ་ཝན་སྤུན་ཟླར་སྐུལ་བའི་ཡི་གེ་སྤེལ་ནས་ལོ་བཞི་བཅུ་ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཤིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ནས། ཐེ་ཝན་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། ཉིས་སྟོང་ཉི་ཤུ་ལོར་ཐེ་ཝན་མཚོ་འགག་གནས་བབ་སྔར་ལས་རྙོག་འཛིང་ཆེ་བ་དང་ཛ་དྲག་ཆེ་བས། རིམ་པ་སོ་སོའི་ཏང་ཨུ་ཡིས་ཆབ་སྲིད་ལངས་གནས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཐེ་ཝན་བྱ་བའི་ཕྱོགས་ཀྱི་ཆབ་སྲིད་འགན་འཁྲི་ལག་བསྟར་ནན་མོ་བྱེད་དགོས། ཐེ་ཝན་བྱ་བའི་ཁོངས་གཏོགས་ཀྱིས་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། དུས་རབས་གསར་བའི་ཐེ་ཝན་བྱ་བ་སྔར་ལས་བཟང་བོར་བསྒྲུབ་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།