ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ནེ་པུས་ཏུའུ་ནས་འབར་མའི་ཙུང་ཐུང་ཝུན་མེན་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125476434_15792901778521n.jpg

ཟླ1པོའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པུས་ཏུའུ་ནས་འབར་མའི་ཙུང་ཐུང་ཝུན་མེན་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པུས་ཏུའུ་ནས་འབར་མའི་ཙུང་ཐུང་ཝུན་མེན་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་གསུངས་རྒྱུར། བདག་གིས་ཀྲུང་གོ་དང་འབར་མའི་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པའི་སྐབས་སུ་འབར་མ་ནི་ལོ་གསར་བའི་ནང་ཐོག་དང་པོར་འཚམས་འདྲི་བྱེད་པའི་རྒྱལ་ཁབ་ཏུ་གཏན་འཁེལ་བྱས་པ་དེ་ལས་ཀྲུང་གོ་དང་འབར་མ་བར་གྱི་མཛའ་བཤེས་ཇེ་ཟབ་དང་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་མཚོན་ཡོད། བདག་གིས་ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་ཆ་འཕྲིན་གསུམ་སྒྲོག་པ་ཡིན། གཅིག ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་བློ་ཐག་རྦད་ཆོད་སྒོས་འབར་མ་སྲིད་གཞུང་དང་མི་དམངས་ཀྱིས་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལས་དོན་ལ་སྔར་ལས་སྐུལ་འདེད་གཏོང་རྒྱུ། གཉིས། ཀྲུང་གོ་དང་འབར་མའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བར་རྨང་གཞི་བརྟན་པོ་བཏིང་བ་དང་། ཀྲུང་གོ་དང་འབར་མའི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ལ་སྒུལ་ཤུགས་དང་གསོན་ཤུགས་གསར་བ་སྣོན་པར་མཉམ་དུ་འབད་བརྩོན་བྱེད་རྒྱུ། གསུམ། ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཕྱོགས་དང་མཉམ་དུ་ཧུར་ཐག་སྒོས་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་པ་དེ་འབར་མའི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱས་ཏེ། ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་ཐད་ནས་གྲུབ་འབྲས་མང་པོ་ལེན་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཡིན།

ཝུན་མེན་གྱིས་བཤད་རྒྱུར། འབར་མ་ཕྱོགས་ཀྱིས་བློ་ཐག་རྦད་ཆོད་སྒོས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོས་ཞང་ཀང་དང་ཨོ་མིན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ལག་བསྟར་བྱས་པར་བརྩི་འཇོག་བྱེད་པ་ཡིན། འབར་མ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་འགོ་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པར་མ་ཟད་ཀྲུང་གོ་ཕྱོགས་དང་མཉམ་དུ་འབར་མ་དང་ཀྲུང་གོའི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།