ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པའི་འཐུས་མི་དང་ལྷན་དུ་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། ཟླ་དང་པོའི་ཚེས་བཅུ་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་ན་བྱ་བའི་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པའི་འཐུས་མི་དང་ལྷན་དུ་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

དབྱི་སི་རལ་དང་དབྱིན་ཇི། འཇར་མན། སིང་ག་ཕོར། ཨ་མེ་རུ་ཁ། ཧྥ་རན་སི་སོགས་རྒྱལ་ཁབ་ནས་ཡོང་བའི་ཆེད་མཁས་པས་རྨང་གཞིའི་ཞིབ་འཇུག་དང་ཚན་རྩལ་གསར་སྐྲུན། ཤེས་ལྡན་མི་སྣ་སྐྱེད་སྲིང་། རིག་གནས་བརྗེ་རེས། དངུལ་རྩ། ནུས་ཁུངས་ལས་རིགས་འཕེལ་རྒྱས་སོགས་གྲོས་གཞི་མང་པོའི་ཐད་ནས་བསམ་ཚུལ་བཏོན།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་ནི་སྒོ་འབྱེད་ཀྱི་འཕེལ་རྒྱས་ཡིན་པས་ཞི་བདེ་ཡི་རྒྱལ་སྤྱིའི་ཁོར་ཡུག་ལྡན་དགོས། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་རང་མོས་ཉོ་ཚོང་སྲུང་སྐྱོབ་བྱེད་པ། སྔར་ལས་སྒོ་འབྱེད་པའི་ཁྲོད་དུ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་ངེས་ཡིན། ཀྲུང་གོས་རྒྱུན་མཐུད་སྒོས་སློབ་གསོ་དང་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་སྒོ་འབྱེད་རྒྱ་བསྐྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་བར་གྱི་མཉམ་ལས་རྒྱ་བསྐྱེད་པ་ལས་རྒྱ་ཇེ་ཆུང་དུ་གཏོང་མི་སྲིད། ང་ཚོས་ཧུར་ཐག་དང་སྒོ་འབྱེད། ནུས་ལྡན་བཅས་ཀྱི་སྒོ་ནས་ཤེས་ལྡན་མི་སྣའི་སྲིད་ཇུས་ལག་བསྟར་བྱས་ནས། ཕྱི་རྒྱལ་གྱི་ཆེད་མཁས་པས་ཀྲུང་གོ་ནས་བྱ་བ་བསྒྲུབ་པ་དང་འཚོ་བ་རོལ་བར་སྔར་ལས་མང་བའི་སྟོབས་བདེ་འདོན་སྤྲོད་བྱེད་ངེས་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།