ཀྲུང་གོ་བོད་ཀྱི་དྲ་བ།

པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་བདུན་པའི་དུས་འགོའི་ཡན་ལག་ཚོགས་འདུ་ལས་སཾསྐྲིཏའི་སྐད་ཡིག་ཚོགས་ཆུང་གི་གྲོས་བསྡུར་ཚོགས་འདུ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས།     སྤེལ་དུས། : 2020-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

WechatIMG678.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས8ཉིན། པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་བདུན་པའི་དུས་འགོའི་ཡན་ལག་ཚོགས་འདུ་ལས་སཾསྐྲིཏའི་སྐད་ཡིག་ཚོགས་ཆུང་གི་གྲོས་བསྡུར་ཚོགས་འདུ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སུ་འཚོགས། ཐེངས་འདིའི་ཚོགས་འདུ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་ལི་ཞུའེ་ཀྲུའུ་དང་ན་པུའུ་ལེ་སི་ཤར་ཕྱོགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཧྥུ་ལང་ཞི་སི་ཁོ་·སི་ཧྥེ་ལ(FrancescoSferra)གཉིས་ཀྱིས་མཉམ་དུ་འཚོགས་ཤིང་ཚོགས་ཡུན་ཉིན་གཅིག་རེད། ཀྲུང་གོ་དང་། འཇར་མན། དབྱི་ཐ་ལི། ཨོ་སི་ཁྲུ་རི་ཡ་སོགས་རྒྱལ་ཁབ6དང་ཞིབ་འཇུག་ཁང10ལྷག་གི་མཁས་དབང20ལྷག་ད་ཐེངས་ཀྱི་གྲོས་བསྡུར་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་འགོ་ཚུགས་མཛད་སྒོ་དེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་ལི་ཞུའེ་ཀྲུའུ་ཡིས་གཙོ་སྐྱོང་གནང་བ་དང་ཁོང་གིས་ད་རེས་ཀྱི་ཚོགས་འདུ་འཚོགས་པའི་རྒྱུ་རྐྱེན་དང་ཚོགས་ཞུགས་མཁས་དབང་གི་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་ཚོགས་ཞུགས་མི་སྣ་ཚང་མར2020ལོའི་ཟླ8པར་འཚོག་རྒྱུ་ཡིན་པའི་པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུར་མུ་མཐུད་དུ་ཞུགས་པར་གདན་ཞུས་བྱས་པ་རེད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཕུལ། དགྲ་འདུལ་གྱིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་སའོ་ཡིས་སཾསྐྲིཏའི་སྐད་ཡིག་ཞིབ་འཇུག་བརྒྱུད་རིམ་དང་དེ་མིན་སཾསྐྲིཏའི་སྐད་ཡིག་ཁྱབ་ཁོངས་དང་། ཕྱི་རྒྱལ་གྱི་ཞིབ་འཇུག་ལས་ཁུངས་བཅས་དང་མཉམ་ལས་སྤེལ་རེས་བྱས་པའི་གནས་ཚུལ་ལ་ཕྱིར་དྲན་བྱས་པ་མ་ཟད་ད་ཐེངས་ཀྱི་ཚོགས་འདུར་ཞུགས་མཁན་གྱི་ཆེད་ལས་མཁས་པ་དང་མཁས་དབང་རྣམས་ལ་མི་རབས་གསར་པའི་སཾསྐྲིཏའི་སྐད་ཡིག་མཁས་དབང་ཚོས་སྔོན་བྱོན་མཁས་པའི་མདུན་དུ་བསྐྱོད་དགོས་ཞེས་རེ་བ་ནན་མོ་བཏོན།

 བརྗོད་དོན་གཏམ་བཤད་གནང་རྗེས་ཚོགས་ཞུགས་མཁས་དབང་ཚོས་འབྲེལ་ཡོད་གནད་དོན་ཐད་གྲོས་བསྡུར་གཏིང་ཟབ་གནང་བ་རེད།

WechatIMG679.jpeg

 ཚོགས་འདུའི་སྐོང་བསྡུ་བྱེད་མཁན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་ལི་ཞུའེ་ཀྲུའུ་དང་ན་པུའུ་ལེ་སི་ཤར་ཕྱོགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཧྥུ་ལང་ཞི་སི་ཁོ་·སི་ཧྥེ་ལ(FrancescoSferra)གཉིས་ཀྱིས་གཏམ་བཤད་སྤེལ་བཞིན་པའི་ཚུལ་རེད།

WechatIMG680.jpeg

ཨོ་སི་ཁྲུ་རི་ཡའི་ཚན་རིག་ཁང་ཨེ་ཤེ་ཡའི་མི་ཆོས་བསམ་བློའི་ལོ་རྒྱུས་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་ཝུའུ་ཨན་ཞའོ(YasutakaMUROYA)ཡིས་གཏམ་བཤད་སྤེལ་བཞིན་པའི་ཚུལ་རེད།

WechatIMG681.jpeg

ཧོ་ལན་ལའེ་ཏུན་སློབ་ཆེན་གྱི་མཁས་དབང་ཕི་ཐེ·ཕེ་སི་ཏ་ཁེས(PeterPasedach)གཏམ་བཤད་སྤེལ་བཞིན་པའི་ཚུལ་རེད།

WechatIMG682.jpeg

གཡོན་ནི་པེ་ཅིང་སློབ་ཆེན་ཕྱི་རྒྱལ་སྐད་ཡིག་སློབ་གླིང་གི་ཨེ་ཤེ་ཡ་ལྷོ་མའི་སྡེ་ཁག་གི་དགེ་རྒན་ཆེ་མོ་བ་གཞོན་པ་གསར་བརྗེ་ཡིན་པ་དང་། གཡས་ནི་ཀྲུང་གོ་མི་དམངས་སློབ་ཆེན་ནང་བསྟན་དང་ཆོས་ལུགས་རིགས་པའི་གཞུང་ལུགས་ཞིབ་འཇུག་སའོ་ཡི་འབུམ་རམས་པ་ཝང་ཅུན་ཆི་ཡིས་གཏམ་བཤད་གནང་བཞིན་པའི་ཚུལ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་བསྒྱུར་བྱས། )

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།