ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཆེད་ལས་མཁས་བ་དང་མཁས་དབང་། ཁེ་ལས་ལས་རིགས་ཀྱི་མི་སྣའི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་བསྒྱུར་བྱས   སྤེལ་དུས། : 2020-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ་མ་ཟད། ཆེད་ལས་མཁས་བ་དང་མཁས་དབང་། ཁེ་ལས་ལས་རིགས་ཀྱི་མི་སྣས་སྲིད་གཞུང་གི་ལས་དོན་སྙན་ཞུ(བསམ་འཆར་བསྡུ་ལེན་མ་ཟིན)》ལ་བཏོན་པའི་བསམ་འཆར་དང་བསམ་ཚུལ་ལ་གསན་པ་རེད།

 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཚོགས་འདུར་ཕེབས་པ་རེད།

 ཚོགས་འདུའི་ཐོག་སྤྱི་ཚོགས་ཚན་རིག་ཁང་གི་ཀའོ་ཕེ་ཡུང་དང་། མི་དམངས་སློབ་ཆེན་གྱི་ཁྲེན་ཡན་པིན། ནོར་སྲིད་ཇུས་འདོན་ཚོགས་པའི་ཀྲུང་ཀྲེང་ཧྲེང་། ཞའོ་མིས་ཚན་རྩལ་གྱི་ལེ་ཅུན། འཕྲུལ་ཆས་བཟོ་ལས་སྡེ་ཚོགས་ཀྱི་ཀྲང་ཞའོ་ལུན། “མདུན་ལམ་ལ་སེམས་ཁྲལ་མེད”དྲ་བའི་ཀྲེན་རུང་ཧུའེ་སོགས་ཆེད་ལས་མཁས་བ་དང་མཁས་དབང་། ཁེ་ལས་མཁས་བས་གཏམ་བཤད་སྤེལ་བ་རེད།

ཚང་མས་ན་ནིང་འགྲན་སློང་མང་བ་དང་དཀའ་ངལ་ཆེ་མོད། འོན་ཀྱང་སྤྱི་ཁོག་སྲིད་ཇུས་ཀྱིས་ཁ་གཏད་འོས་འཚམ་འཇལ་བ་དང་། གཞི་ཁྱོན་ཆེ་བའི་ཁྲལ་རིན་གཉིས་གཅོག་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་སོགས་ཀྱིས་ཁེ་ལས་ཀྱིས་དཀའ་ངལ་ལ་ཁ་གཏད་གཅོག་པའི་ནུས་པ་དང་ཡིད་ཆེས་ཆེ་རུ་ཕྱིན་ནས་རང་རྒྱལ་གྱི་དཔལ་འབྱོར་འཕར་ཚད་མུ་མཐུད་དུ་དཔལ་འབྱོར་དངོས་ཚན་གཙོ་བོའི་མདུན་གྲལ་དུ་སླེབས་པ་དང་། ལས་ཞུགས་བརྟན་བརླིང་ངང་རྒྱ་ཆེར་ཕྱིན་པ་དེ་ནི་ལས་སླ་པོ་ཞིག་གཏན་ནས་མ་རེད་ཅེས་བཤད། ཚང་མས་ད་དུང་སྲིད་གཞུང་གི་ལས་དོན་ལ་གྲོས་འགོ་བཏོན་ཡོད། ལི་ཁེ་ཆང་གིས་ཚོགས་ཞུགས་མི་སྣ་དང་མཉམ་དུ་གྲོས་བསྡུར་གཏིང་ཟབ་གནང་ནས་འབྲེལ་ཡོད་སྡེ་ཚན་གྱིས་བཏོན་པའི་གྲོས་གཞིར་ཞིབ་འཇུག་ནན་ཏན་བྱ་རྒྱུའི་བླང་བྱ་བཏོན་པ་རེད།

 ལིས་ཁི་ཆང་གིས་ན་ནིང་རང་རྒྱལ་གྱི་འཕེལ་རྒྱས་ལ་ལོ་མང་རིང་མཐོང་དཀོན་པའི་དཀའ་ངལ་འཕྲད་སྐབས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་གོང་འོག་ཚང་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས་དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་ཕྱིན་པ་དང་དམངས་ཚིས་རྒྱུན་མཐུད་ངང་ལེགས་བསྒྱུར་བྱུང་ཡོད། ད་ལོར་རྒྱལ་ཁབ་ཕྱི་ནང་གི་དུས་བབ་རྙོག་འཛིང་ཆེ་ལ་ཛ་དྲག་ཡིན་པ་དང་། སྲིད་གཞུང་གི་ལས་དོན་ཡག་པོ་སྒྲུབ་པར་འབད་བརྩོན་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ། ཡིད་ཆེས་བརྟན་པོ། ཡར་རྒྱས་བརྩོན་ལེན། དཀའ་ངལ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་སྲིད་ཇུས་དང་བྱེད་ཐབས་གནད་སྨིན་ལག་བསྟར། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་ཡོད་ཆ་རྐྱེན་བེད་སྤྱོད་གང་ལེགས་བཅས་བྱས་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།

 ལིས་ཁི་ཆིང་གིས་བཤད་རྒྱུར། གཅིག སྤྱི་ཁོག་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་པ་དང་ཁྲོམ་རའི་སྔོན་དཔག་མཐོ་རུ་བཏང་ནས་དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་ཡོང་བར་འགན་ལེན་བྱེད་དགོས།  གཉིས། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མགྱོགས་མྱུར་སྒོས་བཏོད་དེ་ཁྲོམ་རའི་གསོན་ཤུགས་སྔར་ལས་འཕེལ་བར་བྱེད་དགོས། གསུམ། རྒྱལ་ནང་ཁྲོམ་རའི་ལེགས་ཆ་ཆེན་པོ་སྔར་ལས་འདོན་སྤེལ་བྱས་ཏེ་དགོས་མཁོའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

 སུན་ཁྲུན་ལན་དང་། ཧུའུ་ཁྲུན་ཧྭ། ཝང་ཡུང་། ཤའོ་ཅེ། ཧོ་ལི་ཧྥུང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།