ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125462005_15790073558091n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་སྤྲད་དེ་གྲོས་ཞིབ་བྱེད་པའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་སྡུར་བྱས་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་ལ་བཀྲམ་ཏེ་བསམ་འཆར་བསྡུ་ལེན་བྱེད་རྒྱུ་ཐག་བཅད་པར་མ་ཟད་དུས་ཚིགས་དང་པོའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ལིས་ཁི་ཆང་གིས་གསུངས་རྒྱུར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ་བ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་ནི་རྩ་ཁྲིམས་ནང་གཏན་འཁེལ་བྱས་པའི་འགན་འཁྲི་གལ་ཆེན་ཞིག་ཡིན། སྲིད་གཞུང་བྱ་བའི་སྙན་ཞུ་ལ་འཆར་ཟིན་བཟང་བོ་འགོད་སྐབས་ཀུན་གྱི་བསམ་འཆར་ལ་ཉན་དགོས་པ་དང་ཚན་རིག་དང་མཐུན་པར་གནས་བབ་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པ། མང་ཚོགས་དང་ཁེ་ལས་ཀྱིས་ཡིད་འཇོག་བྱེད་པའི་གནད་དོན་དང་ལེན་བྱེད་པ། གནད་དོན་ཐག་གཅོད་པའི་བྱེད་ཐབས་འདོན་པ། ཐུན་མོང་གི་ལྟ་ཚུལ་དང་སྟོབས་ཤུགས་གཅིག་སྡུད་བྱས་ནས། ད་ལོའི་སྲིད་གཞུང་བྱ་བ་བཟང་བོར་བསྒྲུབ་པར་སྐུལ་འདེད་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།