ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་དུ་སྡོད་པའི་དམག་དཔུང་གི་ལས་བྱེད་པ་རྒན་པར་འཚམས་འདྲི་དང་ལོ་སར་བསུ་བའི་རིག་རྩལ་འཁྲབ་སྟོན་པེ་ཅིན་དུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པོའི་ཚེས13ཉིན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་དུ་སྡོད་པའི་དམག་དཔུང་གི་ལས་བྱེད་པ་རྒན་པར་འཚམས་འདྲི་དང་ལོ་སར་བསུ་བའི་རིག་རྩལ་འཁྲབ་སྟོན་པེ་ཅིན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འདིར་བཞུགས་ཀྱི་དམག་དཔུང་གི་བློ་མཐུན་རྒན་པ་དང་དམག་དཔུང་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པར་དུས་ཆེན་གྱི་འཚམས་འདྲི་དང་ལོ་སར་ལ་སྨོན་འདུན་བཟང་བོ་ཞུས།

ཉིན་དེའི་ཕྱི་དྲོའི་དུས་ཚོད་བཞིའི་སྟེང་། ཞི་ཅིན་ཕིང་བློ་མཐུན་རྒན་པ་རྣམས་ཀྱི་ཁྲོད་དུ་ཕེབས་ཏེ་ཚང་མར་ཕྱག་འཇུ་གནང་ཞོར་དུ་ཁོ་ཚོའི་ལུས་ཕུང་དང་འཚོ་བའི་གནས་ཚུལ་ཞིབ་འདྲི་བྱས། བློ་མཐུན་རྒན་པ་རྣམས་ཀྱིས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་པའི་བསམ་བློ་ལག་བསྟར་བྱས་ནས། དུས་རབས་གསར་བའི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་ལག་ལེན་དང་། ཆབ་སྲིད་དམག་འཛུགས་རྒྱུན་འཁྱོངས། བཅོས་སྒྱུར་ལ་བརྟེན་ནས་དཔག་དཔུང་སྟོབས་ལྡན་དུ་གཏོང་པ་དང་། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་པ། འཇོན་མི་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་པ། ཁྲིམས་ལ་བརྟེན་ནས་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་བྱས་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། ཉིས་སྟོང་ཉི་ཤུ་ལོའི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་དམིགས་ཚད་ལས་འགན་འགྲུབ་རྒྱུ་མངོན་འགྱུར་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རླབས་ཆེན་རྒྱལ་ཁ་འཐོབ་པར་བྱས་རྗེས་གསར་པ་འཇོག་ངེས་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།