ཞི་ཅིན་ཕིང་གིས་ཨ་མན་གྱི་འགོ་གཙོ་ཁ་པུའུ་སི་སྐུ་གཤེགས་པའི་ཐད་ནས་ཨ་མན་གྱི་འགོ་གཙོ་གསར་བ་ཧེ་སེ་མུའུ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པོའི་ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མན་གྱི་འགོ་གཙོ་ཁ་པུའུ་སི་སྐུ་གཤེགས་པའི་ཐད་ནས་ཨ་མན་གྱི་འགོ་གཙོ་གསར་བ་ཧེ་སེ་མུའུ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་། ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་པར་མ་ཟད་རང་ཉིད་ཀྱི་མིང་ཐོག་ནས་ཨ་མན་གྱི་འགོ་གཙོ་ཁ་པུའུ་སི་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་། ཁ་པུའུ་སི་ཡི་གཉེན་ཉེ་དང་ཨ་མན་མི་དམངས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཁ་པུའུ་སི་ནི་ཨ་མན་གྱི་ཕུལ་དུ་བྱུང་བའི་འགོ་ཁྲིད་པ་ཡིན་ལ། ཁོས་ཨ་མན་གྱི་འཕེལ་རྒྱས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཏུང་མཚོ་ཁུགས་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་པས། ཨ་མན་མི་དམངས་ཀྱི་གུས་བཀུར་ཐོབ། ཁ་པུའུ་སི་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་བ་ཡིན་ལ། ཀྲུང་གོ་དང་ཨ་མན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བའི་ཐད་ལ་བྱས་རྗེས་ཆེན་པོ་བཞག ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོ་དང་ཨ་མན་བར་གྱི་མཛའ་མཐུན་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་གོ་དང་ཨ་མན་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ་པར་བདག་ལ་ཡིད་ཆེས་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།