ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧེ་སེ་མུའུ་ལ་ཨ་མན་སུའུ་ཏན་རྒྱལ་ཁབ་ཀྱི་སུའུ་ཏན་གསར་བར་བསྐོ་བཞག་བྱས་པར་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེང་གིས་ཚེས12ཉིན་ཧེ་སེ་མུའུ·པེན·ཐ་ལི་ཁེ·སའེ་དབྱི་ཏེ་ལ་གློག་འཕྲིན་བཏང་སྟེ། མུ་མཐུད་དུ་ཨ་མན་སུའུ་ཏན་རྒྱལ་ཁབ་ཀྱི་སུའུ་ཏན་གསར་བ་ལ་བསྐོ་གཞག་བྱས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕེང་གིས་བསྟན་དོན། ཀྲུང་གོ་དང་ཨ་མན་སུའུ་ཏན་རྒྱལ་ཁབ་བར་འབྲེལ་བ་བཙུགས་ཚུན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ནས་ཕན་ཚུན་ཡིད་ཆེས་བྱེད་པའི་འཐབ་ཇུས་གྲོགས་པོར་གྱུར་ཡོད། ངས་ཀྲུང་གོ་དང་ཨ་མན་སུའུ་ཏན་རྒྱལ་ཁབ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བླ་མེད་བྱེད་ཀྱིན་ཡོད། ཧའེ་སའེ་མུའུ་སུའུ་ཏན་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།