ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོའི་སྤྱི་བསྡོམས་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་དམག་དཔུང་སོ་སོའི་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྤྱི་བསྡོམས་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་དམག་དཔུང་སོ་སོའི་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།  རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་བཤད་རྒྱུར། ཐེངས་འདིའི་བརྗོད་དོན་སློབ་གསོ་འགོ་ཚུགས་ས་གསར་བ་བྱས་ཏེ། རང་ཉིད་གསར་བརྗེ་གཏིང་ཟབ་ཏུ་སྤེལ་ཞིང་ཐོག་མའི་རང་མདངས་ཇི་སྲིད་བར་དུ་མི་ཉམས་པར་བྱེད་པ་དང་། སྤོབས་པ་ཆེན་པོས་དུས་རབས་ཀྱི་རླབས་རྒྱུན་དང་འགྲོགས་ནས་དམག་དཔུང་སྟོབས་ལྡན་དང་དམག་དཔུང་དར་སྤེལ་བྱེད་པའི་རླབས་ཆེན་བགྲོད་ལམ་སྟེང་དུ་འབད་བརྩོན་ལྷོད་མེད་བྱེད་ངེས་ཡིན་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྤྱི་བསྡོམས་ཚོགས་ཆེན་སྟེང་ཏང་གི་རང་ཉིད་གསར་བརྗེ་མུ་མཐུད་ནས་གཏིང་ཟབ་ཏུ་སྤེལ་བ་དང་རྒྱུན་མཐུད་སྒོས་ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པར་སྐུལ་འདེད་གཏོང་བའི་ཐད་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་སྔར་ལས་མཐོ་ཞིང་གསར་བའི་རེ་བ་བཏོན། ཉིན་འདི་འགར་དམག་དཔུང་ཡོངས་ཀྱིས་རྣམ་པ་སྣ་ཚོགས་བརྒྱུད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།