ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་བརྗོད་དོན་སློབ་གསོའི་སྤྱི་བསྡོམས་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་དགུ་ཉིན། ཀྲུང་དབྱང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྤྱི་བསྡོམས་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

བརྡ་ཐོའི་ནང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་ཏང་ཡོངས་ཀྱིས་འགོ་ཚུགས་ས་གསར་བའི་སྟེང་ཏང་གི་རང་ཉིད་གསར་བརྗེ་གཏིང་ཟབ་ཏུ་སྤེལ་ཞིང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་རྒྱལ་ཁ་ཐོབ་པར་བརྩོན་ལེན་བྱེད་པར་མཛུབ་སྟོན་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་ཟེར།

བརྡ་ཐོའི་ནང་དུ་བསམ་བློ་དང་བྱ་སྤྱོད་གཉིས་ཀ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་གཅིག་གྱུར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་དེང་སྐབས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ཏེ་དམ་འཛིན་བྱེད་པ་དང་། འགོ་ཁྲིད་ཚན་ཁག་གིས་ཆེད་དུ་དུས་ཚོད་བཀོད་སྒྲིག་བྱས་ཏེ་ཐུན་མོང་གི་སློབ་སྦྱོང་དང་གྲོས་བསྡུར་བྱེད་དགོས་ལ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྩ་འཛུགས་བྱས་ཏེ་སློབ་སྦྱོང་ནན་མོ་བྱས་ནས།  གསུང་བཤད་ཀྱི་དགོངས་དོན་ངོ་བོ་དང་བྱ་བའི་རེ་བ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་གཉིས་ཀ་གསུང་བཤད་ཀྱི་དགོངས་དོན་དང་གཅིག་གྱུར་སྒོས་བྱེད་དགོས་པའི་རེ་བ་བཏོན་ཡོད།

བརྡ་ཐོའི་ནང་བསྟན་དོན། ཐོག་མའི་བསམ་འདུན་དང་འགན་འཁྲི་དེ་ལས་འགན་ཁག་ཁུར་དང་ལས་སྒྲུབ་ལས་སྤེལ་གྱི་དོན་དངོས་བྱ་སྤྱོད་དུ་བསྒྱུར་དགོས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཁག་ཁུར་དང་ལེན་གྱི་སྐུལ་ལྕག་རྐྱེན་སྲོལ་འཐུས་ཚང་དང་དངོས་འབེབས་བྱེད་པ་དང་། མང་ཚོགས་ཀྱིས་སེམས་ཁུར་དང་རེ་སྒུག་བྱེད་པའི་གནད་དོན་ཐག་གཅོད་པའི་བྱ་བའི་རྐྱེན་སྲོལ་ཆ་ཚང་དུ་གཏོང་དགོས་པར་མ་ཟད། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ཐད་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་བདེ་བླག་ངང་མཇུག་བསྡུ་བ་མངོན་འགྱུར་བྱེད་པར་དམིགས་ཏེ། ལོ་ཧྲིལ་བོའི་བྱ་བར་འཆར་འགོད་བཟང་བོ་བྱེད་པ་དང་། གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ཀྱི་ལས་འགན་སྣ་ཚོགས་དམ་འཛིན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།