ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུའུ་ཁི་ལན་གྱི་འགྲུལ་སྐྱེལ་གནམ་གྲུ་ཏི་ཧེ་ལན་ནས་སར་ལྷུང་བའི་ཐད་ནས་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙི་ལིན་སི་ཅི་དང་དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་གཉིས་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།
ཞི་ཅིན་ཕིང་གིས་འཚམས་འདྲི་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཝུའུ་ཁི་ལན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཏི་ཧེ་ལན་ནས་སར་ལྷུང་སྟེ་གནམ་གྲུ་ནང་གི་འགྲུལ་བ་དང་ལས་བྱེད་མི་སྣ་ཚང་མ་རྐྱེན་ལམ་དུ་ཤོར། བདག་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱེད་པར་མ་ཟད་རང་ཉིད་ཀྱི་མིང་ཐོག་ནས་རྒྱལ་ཁབ་སོ་སོའི་འདས་པོ་རྣམས་ལ་མྱ་ངན་ཞུ་བ་དང་། འདས་པོའི་ཁྱིམ་མི་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུ་བ་ཡིན་ཟེར། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཞི་ཅིན་ཕིང་གིས་ཝུའུ་ཁི་ལན་གྱི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་ཐད་ནས་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙི་ལིན་སི་ཅི་དང་དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་གཉིས་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།