ཕིན་ལིས་ཡོན་གྱིས་ཨ་རིའི་ཀྲུའུ་ལིས་ཡ་སློབ་གླིང་གི་ཡོན་ཀྲང་ཝོ་ཙི་དང་མཇལ་འཕྲད་གནང་བ།

1578532214529861.jpg

ཟླ1པོའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕིན་ལིས་ཡོན་གྱིས་པེ་ཅིང་དུ་ཨ་རིའི་ཀྲུའུ་ལིས་ཡ་སློབ་གླིང་གི་ཡོན་ཀྲང་ཝོ་ཙི་དང་མཇལ་འཕྲད་གནང་བ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕིན་ལིས་ཡོན་གྱིས་པེ་ཅིང་དུ་ཨ་རིའི་ཀྲུའུ་ལིས་ཡ་སློབ་གླིང་གི་ཡོན་ཀྲང་ཝོ་ཙི་དང་མཇལ་འཕྲད་གནང་བ་རེད།

ཝོ་ཙི་ཡིས་ཀྲུའུ་ལིས་ཡ་སློབ་གླིང་གིས་ཀྲུང་གོ་དང་མཉམ་མྱོང་སྤེལ་རེས་མཉམ་ལས་བྱས་པ་དང་དེ་བཞིན་ཐེན་ཅིན་རོལ་དབྱངས་སློབ་གླིང་ཀྲུའུ་ལི་ཡ་ཞིབ་འཇུག་ཁང་འཛུགས་སྐྲུན་བྱས་ཚུལ་ངོ་སྤྲོད་བྱས་པ་རེད།

ཕིན་ལིས་ཡོན་གྱིས་རོལ་དབྱངས་ནི་མིའི་རིགས་ཀྱིས་ཐུན་མོང་དུ་སྤྱོད་པའི་སྐད་ཆ་ཞིག་ཡིན་པ་དང་། ས་ཁོངས་དང་། རིགས་རྒྱུད། རིག་གནས་བཅས་མི་འདྲ་བའི་མི་རྣམས་ཀྱི་སེམས་པ་མཚོན་པར་བྱེད་ཐུབ། གླུ་དབྱངས་སློབ་གསོ་དང་འབྲེལ་འདྲིས་བརྗེ་རེས་ནི་ཧ་ཅང་གལ་ཆེན་ཞིག་ཡིན། རང་ཉིད་ཀྱིས་ཐེན་ཅིན་རོལ་དབྱངས་སློབ་གླིང་ཀྲུའུ་ལི་ཡ་ཞིབ་འཇུག་ཁང་གིས་ཉེ་བའི་ལོ་ཤས་རིང་འཕེལ་རྒྱས་མགྱོགས་ལ་བྱ་གཞག་རྣམས་བདེ་བླག་བྱུང་བ་ཤེས་ཡོད་པས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ལ། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཕུལ་བྱུང་གི་སྒྱུ་རྩལ་ཤེས་ལྡན་པ་སྔར་བས་མང་པོ་གསོ་སྐྱོང་བྱས་ནས་ཀྲུང་ཨའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་དཔེ་མཚོན་གཏོད་དགོས། ཀྲུང་ཨ་རྒྱལ་ཁབ་གཉིས་པོས་དེ་བས་རྒྱ་ཆེ་བའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་བར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཝོ་ཙི་ཡིས་ཀྲུའུ་ལིས་ཡ་སློབ་གླིང་གིས་ཀྲུང་གོར་སྒྱུ་རྩལ་སློབ་གསོ་སྤེལ་རྒྱུར་མུ་མཐུད་དུ་གཞོལ་ནས་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་བར་མཛའ་གྲོགས་ཀྱི་ཆ་རྐྱེན་སྔར་བས་མང་པོ་བསྐྲུན་རྒྱུ་ཡིན་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།