ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125432188_15783936143111n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཟླ་དང་པོའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་བསྡུས།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཧན་ཀྲིན་གྱིས་བསྟན་དོན།   རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཞུགས་རྗེས་ཀྱི་རྒྱལ་ཁབ་གྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཐད་ཀྱི་ཞིབ་བཤེར་གལ་ཆེན་ཞིག་ཡིན་པས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་དགོས་པ་དང་།    ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ།  དམིགས་འབེན་ལས་འགན་གཏན་ཁེལ་གསལ་བོ་བྱེད་པ།   རང་རྒྱལ་གྱི་མི་གྲངས་དང་སྒྲིག་གཞི།  ཁྱབ་ཚུལ།   མཁར་ཞང་སྡོད་ཁང་སོགས་ཀྱི་གནས་ཚུལ་ལ་ཁྱོན་ཡོངས་ནས་ཞིབ་བཤེར་གསལ་བོ་བྱེད་པ།     མི་གྲངས་འགྱུར་ལྡོག་གི་འཕེལ་ཕྱོགས་རང་བཞིན་གྱི་ཁྱད་ཆོས་ཡང་དག་གིས་མངོན་པར་བྱེད་པ་བཅས་བྱས་ཏེ་ཚན་རིག་ལྟར་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་གཏན་ཁེལ་བྱེད་པ་དང་།    མི་གྲངས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྲིད་ཇུས་འཐུས་ཚང་དུ་གཏོང་བ།    དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།   མིའི་ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པ་བཅས་ཀྱི་ཐད་ཚན་རིག་གི་ཡང་དག་པའི་བསྡོམས་རྩིས་ཆ་འཕྲིན་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན།   རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པའི་གྲ་སྒྲིག་བྱ་བ་སོ་སོ་ལེགས་པོར་བསྒྲུབ་དགོས་པ་དང་།     གློག་རྡུལ་ཅན་གྱི་འཚོལ་བསྡུ་བྱ་བར་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ་གཞི་གྲངས་འཚོལ་བསྡུའི་ཕན་ནུས་དང་གཞི་གྲངས་སྤུས་ཚད་མཐོར་འདེགས་གཏོང་དགོས།  དེ་མིན་ཁྲིམས་ལྟར་ཞིབ་བཤེར་བྱས་ཏེ་ཞིབ་བཤེར་བྱེད་ཡུལ་གྱི་མི་སྒེར་ཆ་འཕྲིན་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས་པ་དང་།   ཁྱབ་བཤེར་ནང་གཏོགས་པའི་ཁྲིམས་འགལ་བྱ་སྤྱོད་གཏན་འགོག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།