ལིས་ཀྲན་ཧྲུའུ་ཡིས་ལའོ་ཝུའོ་ཡི་ཙུང་ལི་ཐུང་ལུན་ལ་མཇལ་འཕྲད་གནང་།

1125428309_15783200303951n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལའོ་ཝུའོ་ཡི་ཙུང་ལི་ཐུང་ལིན་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིན་དང་། ལའོ་ཝུའོ་ཡི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་ཡང་གཉིས་ཀྱི་ཐུན་མོང་སྣེ་ཁྲིད་འོག   རྒྱལ་ཁབ་གཉིས་ཀ་ཀྲུང་ལའོ་ཡི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་གྱི་དུས་རབས་གསར་བར་ཞུགས་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་ལའོ་བར་གྱི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ། བློ་མཐུན་བཟང་བོའི་འབྲེལ་བ་རྒྱུད་འཛིན་གང་ལེགས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་ལའོ་བར་གྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་ལའོ་ཝུའོ་རྒྱལ་ཚོགས་དང་མཉམ་དུ་རྒྱལ་སྐྱོང་སྲིད་གཉེར་ལ་ཤུགས་སྣོན་བྱེད་པའི་ཉམས་མྱོང་བརྗེ་རེས་བྱེད་པ་དང་། ཁྲིམས་འཛུགས་ལས་ཁུངས་ཀྱི་མཉམ་ལས་ཆུ་ཚད་མཐོར་འདེགས་བཏང་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཁྲིམས་ལུགས་ཀྱི་འགན་སྲུང་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་དང་། མཉམ་དུ་ཉེན་ཁ་དང་འཐབ་རྩོད་སོ་སོར་ཁ་གཏད་འཇལ་བའི་ནུས་པ་མཐོར་འདེགས་བཏང་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བྱེད་རྒྱུར་འཐད་པ་ཡིན་ཟེར།

ཐུང་ལིན་གྱིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་རིང་གི་རླབས་ཆེན་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་ཤིང་། ཀྲུང་གོ་མི་དམངས་ཀྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་ཐུབ་ངེས་ཡིན་པ་དང་། ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་འདུ་བའི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་འཐད་པ་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།