ཀྲུང་གོ་བོད་ཀྱི་དྲ་བ།

ལའོ་ཧུའེ་ཉིང་གིས་ཤང་ཀང་ཀྲུང་དབྱང་མཉམ་འབྲེལ་གཞུང་དོན་ཁང་གི་སྣེ་ཁྲིད་དེ་མུ་མཐུད་དུ་འགན་འཁྲི་གཙང་སྒྲུབ་བྱུ་རྒྱུ་ཡིན་ཞེས་གསུངས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས6ཉིན་གྱི་སྔ་དྲོར། ལས་འགན་བཞེས་མ་ཐག་པའི་ཤང་ཀང་ཀྲུང་དབྱང་མཉམ་འབྲེལ་གཞུང་དོན་ཁང་གི་ཀྲུའུ་རེན་ལའོ་ཧུའེ་ཉིང་གིས་སྨྱན་སྦྱོར་དང་མཇལ་འཕྲད་གནང་སྐབས་བཤད་དོན།  ཉེ་བའི་ལོ་ཕྱེད་རིང་། ཤང་ཀང་གི་གནས་ཚུལ་ལ་མི་རྣམས་ལ་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པ་དང་ཚང་མས་ཤང་ཀང་སླར་ཡང་དྲང་ལམ་ཐོག་བསྐྱོད་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད། ཤང་ཀང་གི་ངོས་ནས་བཤད་ན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ལེགས་ཆ་ཆེ་ཤོས་ཤིག་ཡིན་པས་ཁོང་གིས་མུ་མཐུད་དུ་ཤང་ཀང་དང་ཀྲུང་དབྱང་མཉམ་འབྲེལ་གཞུང་ལས་ཁང་གི་ལས་རོགས་ཡོངས་ཀྱི་སྣེ་ཁྲིད་དེ་ལྷག་བསམ་རྣམ་དག་གིས་འགན་འཁྲི་བསྒྲུབ་རྒྱུ་ཡིན་ཞེས་གསུངས་པ་རེད།

ལའོ་ཧུའེ་ཉིང་གིས་བཤད་རྒྱུར། ཤང་ཀང་ནི་ཤར་ཕྱོགས་ཀྱི་མུ་ཏིག་དང་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་ཆེན་པོ་ཞིག་རེད། ཤང་ཀང་སྤུན་ཟླས་རྒྱལ་ཁབ་ཀྱི་བཅོས་བསྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ལ་བྱས་རྗེས་གལ་ཆེན་བཞག་ཡོད་ལ། མེས་རྒྱལ་ཡང་ཤང་ཀང་གི་ཆེས་སྟོབས་ལྡན་གྱི་རྒྱབ་རྟེན་ཡིན། ཉེ་བའི་ལོ་ཕྱེད་རིང་། ཤང་ཀང་གི་གནས་ཚུལ་ལ་མི་རྣམས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་པ་དང་ཚང་མས་ཤང་ཀང་སླར་ཡང་དྲང་ལམ་ཡང་དག་ཐོག་བསྐྱོད་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང་གསུངས་པ་བཞིན་ཞི་མཐུན་བརྟན་ལྷིང་གི་ཁོར་ཡུག་མེད་ན་བདེ་སྐྱིད་ཀྱི་ཁྱིམ་གཞིས་ག་ལ་ཡོད། ལྷག་སེམས་རྣག་དག་གིས་ཞང་ཀང་བཟང་བར་སྨོན་ཞེས་གསུངས་པ་རེད།

ལའོ་ཧུའེ་ཉིང་གིས་ཤང་ཀང་གི་ངོས་ནས་བརྗོད་ན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ལེགས་ཆ་ཆེ་ཤོས་ཤིག་ཡིན་པས་ཁོང་གིས་མུ་མཐུད་དུ་ཤང་ཀང་ཀྲུང་དབྱང་མཉམ་འབྲེལ་གཞུང་ལས་ཁང་གི་ལས་རོགས་ཡོངས་ཀྱི་སྣེ་ཁྲིད་དེ་ལྷག་བསམ་རྣམ་དག་གིས་འགན་འཁྲི་བསྒྲུབ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད། སྲིད་འཛིན་དཔོན་པོ་ལིན་ཀྲེང་ཡུའོ་ཨེ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་དེ་བཞིན་སྤྱི་ཚོགས་ལས་རིགས་སོ་སོའི་ཐུན་མོང་འབད་བརྩོན་འོག་རྩ་ཁྲིམས་དང་། གཞི་རྩའི་བཅའ་ཁྲིམས་ཤང་ཀང་དུ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཐུབ་ངེས་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”བརྟན་པོའི་ངང་རྒྱང་བསྐྱོད་ཐུབ་ངེས་པ། ཤང་ཀང་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བར་འགན་ལེན་ཐུབ་ངེས་པར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།