ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཁི་རི་པ་སིའི་ཙུང་ཐུང་མཱ་མའོ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : ཤིན་ཧྭ་དྲ་བ།   རྩོམ་པ་པོ། : ཀྲེན་མིང་ཏ།   སྤེལ་དུས། : 2020-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས6ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བའི་ཁི་རི་པ་སིའི་ཙུང་ཐུང་མཱ་མའོ་ལ་མཇལ་འཕྲད་གནང་།

 ཟླ1ཚེས6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཁེ་རི་པ་སིའི་ཙུང་ཐུང་མཱ་མའོ་ལ་མཇལ་འཕྲད་གནང་བ་རེད།

ལི་ཁེ་ཆང་གིས་ན་ནིང་ཀྲུང་གོ་དང་ཁེ་རི་པ་སི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སླར་གསོ་བྱུང་ནས་ཕྱོགས་གཉིས་པོའི་ཆབ་སྲིད་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད་ལ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་མཉམ་ལས་བྱེད་པའི་གོ་སྐབས་མང་པོ་སྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཁེ་རི་པ་སི་རྒྱལ་ཁབ་དབར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་བཞིན་ཡོད་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་མཱ་མའོ་དང་མཉམ་དུ་གྲོས་མོལ་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གྱི་སྟོབས་འབྱོར་ཆེ་ཆུང་ལ་མ་བལྟོས་པར་ཚང་མ་འདྲ་མཉམ་ཡིན་པའི་ལྟ་ཚུལ་སྲུང་འཛིན་དང་། ཁེ་རི་པ་སི་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་སྟེང་བསྐྱོད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་དང་། ཁེ་རི་པ་སིའི་སྲིད་གཞུང་གི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ཇེ་ལེགས་སུ་གཏོང་བར་རང་ནུས་ཅི་ཡོད་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས་པ་རེད། ང་ཚོས་ཁེ་རི་པ་སི་ཕྱོགས་ཀྱི་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཐད་ཕན་ཚུན་དབར་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ཁེ་ཕན་རྒྱ་ཆེར་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་སྲིད་གཞུང་གིས་རང་རྒྱལ་ཁབ་ཀྱི་ཁེ་ལས་ཚོང་ར་ཅན་དང་ཚོང་ལས་ཅན་གྱི་རྩ་དོན་ལྟར་མཉམ་ལས་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཁེ་རི་པ་སིའི་ཉ་ལས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། ཀྲུང་གོའི་འཛད་སྤྱོད་པས་རྒྱ་མཚོའི་ཐོན་རྫས་ཀྱི་དགོས་མཁོ་ཆེ་རུ་ཕྱིན་པས་ཕྱོགས་གཉིས་པོའི་མཉམ་ལས་ལ་མདུན་ལྗོངས་རྒྱ་ཆེན་པོ་ལྡན་ཡོད། ཀྲུང་གོས་ཁེ་རི་པ་སི་ཕྱོགས་དང་རྒྱང་རིང་རྒྱ་མཚོའི་ཉ་ལས་ཉ་འཛིན་ལས་རིགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་འདོད་ཡོད་ཅེས་གསུངས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཁེ་རི་པ་སི་ཚུད་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་གནད་དོན་ཐད་ཀྱི་དམིགས་བསལ་དོ་ཁུར་ལ་མཐོང་ཆེན་བྱེད་ཀྱིན་ཡོད་པ་མ་ཟད། འགན་འཁྲི་དབྱེ་འབྱེད་བྱེད་པའི་རྩ་དོན་གཞིར་བཟུང་ནས་ལྷོ་ལྷོ་མཉམ་ལས་ཀྱི་སྒྲོམ་གཞི་འོག་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད།

མཱ་མའོ་ཡིས་ན་ནིང་ཕྱི་འབྲེལ་སླར་གསོ་བྱས་ཚུན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མུ་མཐུད་དུ་མཉམ་ལས་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་དང་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཁེ་རི་པ་སི་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་འཛུགས་སྐྲུན་རང་བཞིན་གྱི་དགེ་མཚན་ལྡན་པའི་ནུས་པ་བཏོན་པ་དང་དེ་བཞིན་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་ལ་བྱས་རྗེས་གལ་ཆེན་བཞག་པར་བསྔགས་བརྗོད་བྱས། ཁེ་རི་པ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་སྒེར་སེམས་མེད་པའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཀྲུང་གོའི་ཁེ་ལས་ཀྱིས་ཁེ་རི་པ་སི་རུ་མ་རྐང་འཇོག་པར་དགའ་བསུ་ཞུ་བཞིན་ཡོད་ལ། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། ཉ་ལས། ཞིང་ལས། སློབ་གསོ། འཕྲོད་བསྟེན། མི་ཆོས་རིག་གནས་བཅས་ཀྱི་ཁྱབ་ཁོངས་ཐད་མཉམ་ལས་དང་སྤེལ་རེས་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་རྒྱུན་མཐུད་འཕེལ་རྒྱས་དང་དར་རྒྱས་ཡོང་བ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཝང་དབྱི་དང་ཧོ་ལི་ཧྥུང་གཉིས་ཐེངས་འདིའི་མཇལ་འཕྲད་ནང་ཞུགས་པ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།