ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ལོ་སིའི་ཙུང་ལི་ཐུང་ལུན་ལ་མཇལ་འཕྲད་གནང་བ།

ཡོང་ཁུངས། : ཤིན་ཧྭ་དྲ་བ།     སྤེལ་དུས། : 2020-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕེང་གིས་ཚེས6ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལོ་སིའི་ཙུང་ལི་ཐུང་ལུན་ལ་མཇལ་འཕྲད་གནང་།

 ཟླ1ཚེས6ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོ་རུ་ལོ་སིའི་ཙུང་ལི་ཐུང་ལུན་ལ་མཇལ་འཕྲད་གནང་བ་རེད།

ཞི་ཅིན་ཕིང་གིས་ཐུང་ལུན་ལ་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པེན་དབྱང་ལ་ལོ་གསར་གྱི་སྨོན་འདུན་བརྒྱུད་བསྒྲགས་གནང་རོགས་ཞེས་ཞུས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། བློ་མཐུན་བཟང་པོ། རོགས་ཟླ་བཟང་པོ་ཡིན་པ་མ་ཟད་ལས་དབང་གཅིག་མཐུན་འདུས་གྲུབ་རེད། གུང་ཁྲན་ཏང་གིས་འགོ་ཁྲིད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ང་ཚོའི་ཆབ་སྲིད་ཀྱི་རང་མདངས་ཡིན་པས་ཕྱོགས་གཉིས་པོས་ཕྱར་བ་གྲུ་འདེགས་དང་ལག་གདང་མཉམ་སྦྲེལ་གྱིས་མཐོ་རིམ་འགྲོ་འོང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་དང་། རྒྱལ་སྐྱོང་སྲིད་གཉེར་གྱི་སྤེལ་རེས་ལ་ཤུགས་སྣོན། སྲིད་སྐྱོང་གི་ཆུ་ཚད་དང་བཅོས་སྐྱོང་གི་ནུས་པ་མཐོར་འདེགས། རང་སོ་སོའི་ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་དང་། རྒྱལ་ཁབ་གཉིས་དང་དེ་མིན་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ལོ་སི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་ཀྱི་བདག་དབང་རང་བཙན་དང་ལ་རྒྱ་སྲུང་སྐྱོང་བྱ་རྒྱུར་མུ་མཐུད་དུ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བསྟན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སང་ལོ་ནི་ཀྲུང་གོ་དང་ལོ་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ60འཁོར་བ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔ་མཐུད་ཕྱི་སྤེལ་གྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ང་ཚོས་ལོ་སི་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། ལྕགས་ལམ་དང་དཔལ་འབྱོར་གླིང་ཁུལ་སོགས་རྣམ་གྲངས་ཆེན་མོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

 ཐུང་ལུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པེན་དབྱང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་བྱས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70ལོན་པའི་རིང་ལ་ལོ་རྒྱུས་རང་བཞིན་ལྡན་པའི་རླབས་ཆེན་གྱི་གྲུབ་འབྲས་བླངས་བ་ལ་སླར་ཡང་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱས་ཏེ“ལོ་བརྒྱ་དང་པོའི”འབད་འཐབ་དམིགས་ཚད་མངོན་འགྱུར་འབྱུང་བར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

དབྱང་ཅེ་ཁྲེ་དང་། ཝང་དབྱི། ཧོ་ལི་ཧྥུང་བཅས་ཐེངས་འདིའི་མཇལ་འཕྲད་ནང་ཞུགས་པ་རེད། །(མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར་སྒྲིག་བྱས།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།