ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་དབང་ཁེ་ལས་ཀྱི་གཞི་རིམ་རྩ་འཛུགས་བྱ་བའི་ཚོད་ལྟའི་ལག་བསྟར་སྲོལ་ཡིག་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་དབང་ཁེ་ལས་ཀྱི་གཞི་རིམ་རྩ་འཛུགས་བྱ་བའི་ཚོད་ལྟའི་ལག་བསྟར་སྲོལ་ཡིག་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་བསྟན་དོན། རྒྱལ་དབང་ཁེ་ལས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དངོས་བོའི་རྨང་གཞི་དང་ཆབ་སྲིད་རྨང་གཞི་གཙོ་བོ་ཡིན་པ་དང་། ཏང་གི་སྲིད་འཛིན་རྒྱལ་དར་གྱི་འདེགས་ཤུགས་དང་བརྟེན་སའི་སྟོབས་ཤུགས་གཙོ་བོ་ཡིན། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི་རྒྱལ་དབང་ཁེ་ལས་ཀྱི་རྩ་བ་དང་སྲོག་ཤིང་ཡིན་པ་དང་། རང་རྒྱལ་རྒྱལ་དབང་ཁེ་ལས་ཀྱི་གཟི་བརྗིད་སྲོལ་རྒྱུན་དང་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་ཡིན། སྲོལ་ཡིག་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ་བཅས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཤིང་། ཏང་གི་སྒྲིག་ཡིག་གི་རེ་བ་ལག་བསྟར་བྱས་ནས། རྒྱལ་དབང་ཁེ་ལས་ཀྱི་ཏང་རྩ་འཛུགས་བྱ་བ་ཁྱོན་ཡོངས་ནས་ཚད་ལྡན་དུ་བཏང་བ་ནི་དུས་རབས་གསར་བའི་ནང་རྒྱལ་དབང་ཁེ་ལས་ཀྱི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་གཞི་རྩའི་བསྲུང་བྱ་ཡིན་ཞེས་བསྟན་ཡོད་ཟེར།

བརྡ་ཐོའི་ནང་རིམ་པ་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས་ཀྱིས་ཏང་གི་སྲིད་འཛིན་རྨང་གཞི་སྲ་བརྟན་དུ་གཏོང་བ་གཞིར་བཟུང་སྟེ་རྒྱལ་དབང་ཁེ་ལས་ཀྱི་ཏང་གི་འཛུགས་སྐྲུན་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ལས་འགན་གལ་ཆེན་ཏུ་བཞག་ནས་དམ་འཛིན་བྱེད་དགོས་པ་དང་། ནུས་ལྡན་བྱེད་ཐབས་སྤྱོད་ཅིང་འགན་འཁྲིའི་དངོས་འབེབས་བྱ་བ་བཟང་བོར་བསྒྲུབ་པ་དང་།  སྲོལ་ཡིག་ས་ཆ་ཀུན་ཏུ་དངོས་འབེབས་བྱས་ནས་གྲུབ་འབྲས་ངོ་མ་ཐོབ་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།