ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་དུས་བཅད་ལྟར་ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་ལེ་ཏི་ལིས་ཨང་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཟླ་དང་པོའི་ཚེས་བཞི་ཉིན།རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཝང་དབྱི་ཡིས་དུས་བཅད་ལྟར་ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་ལེ་ཏི་ལིས་ཨང་ལ་ཁ་པར་བཏང་།ལེ་ཏི་ལིས་ཨང་གིས་ཧྥ་རན་སི་ཕྱོགས་ཀྱིས་དེང་སྐབས་ཀྱི་ཀྲུང་ཏུང་གནས་བབ་ཐད་འཛིན་པའི་ལྟ་ཚུལ་མཚམས་སྦྱོར་བྱས།

ཁོས་བསྟན་དོན།ཧྥ་རན་སི་ཕྱོགས་ཀྱིས་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་དུ་མཚོན་ཆ་བཀོལ་བར་ངོ་རྒོལ་བྱེད་པ་དང་། དབྱི་རག་གི་མངའ་ཁོངས་དང་བདག་དབང་ལ་བརྩི་འཇོག་བྱེད་དགོས།དེང་སྐབས་ཀྱི་གནས་བབ་འོག་ཏུ་མུ་མཐུད་ནས་དབྱི་རག་ཉིང་རྡུལ་གནད་དོན་གྱི་ཁྱོན་ཡོངས་གྲོས་མཐུན་སོར་ཉར་བྱེད་རྒྱུ་ཧ་ཅང་གལ་ཆེ། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་དམ་པོ་བྱས་ཏེ། ས་ཁུལ་གྱི་གནས་བབ་ཛ་དྲག་རིམ་འཕར་གཏན་འགོག་བྱེད་པར་ནུས་པ་གལ་ཆེན་ངེས་ཡིན་ཟེར།

ཝང་དབྱི་ཡིས་བཤད་རྒྱུར།ཀྲུང་གོ་དང་ཧྥ་རན་སིའི་ལངས་ཕྱོགས་འདྲ་མཚུངས་ཡིན་ལ།ཕྱོགས་གཅིག་གིས་མཚོན་ཆ་བཀོལ་པ་དེས་གནད་དོན་ཐག་གཅོད་ཐབས་མེད་པར་མ་ཟད་གནས་བབ་སྔར་ལས་ཛ་དྲག་ཏུ་འགྲོ་ངེས་ཡིན།ཀྲུང་གོ་དང་ཧྥ་རན་སི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ཡིན་པས། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་ཕྱོགས་སུ་འགན་འཁུར་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་དགོས་པ་དང་། འཛུགས་སྐྲུན་རང་བཞིན་གྱི་ནུས་པ་གལ་ཆེན་བཏོན་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ནང་གི་དམིགས་འབེན་དང་རྩ་དོན།རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་ཕྱོགས་གཅིག་གིས་མཚོན་ཆ་བཀོལ་བའི་སྤྱོད་ཚུལ་གང་རུང་ལ་མཉམ་དུ་ངོ་རྒོལ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།