ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་མཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དང་པོའི་ཚེས་གསུམ་ཉིན་འགོ་མཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། བཟོ་སྐྲུན་ལས་རིགས་ཀྱི་གཏན་འཇགས་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གཏན་ཁེལ་བྱས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩ་གཏན་འཇགས་སུ་བཏང་ལ། ཞབས་ཞུ་འགན་ལེན་གྱི་ཚུལ་བསྒྱུར་རིམ་སྤོར་ལ་བཀོད་སྒྲིག་བྱས་པ་དང་། ཞབས་ཞུ་ལས་རིགས་ཀྱི་གྲུབ་ཚུལ་ལེགས་བསྒྱུར་གྱི་ཆུ་ཚད་མཐོར་འདེགས་བཏང་བ་མ་ཟད། མཛེས་འཆོས་བྱུག་རྫས་ལྟ་སྐུལ་དོ་དམ་སྲོལ་ཡིག་འཆར་ཟིན་ལ་གྲོས་འཆམ་བྱུང་ནས། སྤུས་ཚད་བདེ་འཇགས་ལ་འགན་སྲུང་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས།  དཔལ་འབྱོར་འཁོར་རྒྱུག་འོས་འཚམ་གྱི་བར་སྟོང་དུ་རྒྱུན་འཁྱོངས་བྱེད་པ་དང་། བཟོ་སྐྲུན་ལས་རིགས་ཐད་ནས་རྨང་གཞི་རང་བཞིན་གྱི་འདེགས་སྐྱོར་ནུས་པ་ལྡན། བཅོས་བསྒྱུར་བྱེད་ཐབས་དང་ཚོང་ར་ཅན་གྱི་བྱེད་ཐབས་སྤྱད་དེ། ཚོང་རའི་གཙོ་གཞིའི་གསོན་ཤུགས་ཆེར་སྐྱེད་པ། འཕེལ་རྒྱས་ཀྱི་སྒུལ་ནུས་ཇེ་དྲག་ཏུ་བཏང་སྟེ། བཟོ་སྐྲུན་ལས་རིགས་ཀྱི་གཏན་འཇགས་འཕར་སྣོན་ལ་སྐུལ་འདེད་གཏོང་དགོས། གཅིག་ནས་བཅོས་བསྒྱུར་གསར་གཏོད་བྱེད་དགོས། གཉིས་ནས་སྟོབས་ཤུགས་ཆེན་པོས་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་། ཆ་འཕྲིན་དྲ་རྒྱ་སོགས་རིགས་གསར་བའི་རྨང་གཞི་སྒྲིག་ཆས་དངུལ་གཏོང་རྒྱབ་སྐྱོར་སྲིད་ཇུས་ཕྱིར་འདོན་པ། རིག་ནུས་དང་ལྗང་མདོག་བཟོ་སྐྲུན་སྤེལ་དགོས། གསུམ་ནས་བཟོ་སྐྲུན་ལས་རིགས་ཀྱི་སྒོ་འབྱེད་རྒྱ་སྐྱེད་པ་དང་། སྒོ་འབྱེད་སྲིད་ཇུས་ལག་བསྟར་བྱེད་པར་གནོད་སྐྱེལ་བའི་འགོག་རྐྱེན་མེད་པར་བྱེད་དགོས། བཞི་ནས་ནང་མཁོ་སྦས་ཤུགས་སྔོག་འདོན་བྱེད་དགོས་ཟེར།

ཚོགས་ཐོག་ནས་མཛེས་འཆོས་བྱུག་རྫས་ལྟ་སྐུལ་དོ་དམ་སྲོལ་ཡིག་འཆར་ཟིན་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།