ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ནོར་ཁྲལ་སྡེ་ཁག་གི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་གཉིས་ཉིན་ནོར་སྲིད་པུའུ་ནས་ནོར་ཁྲལ་སྡེ་ཁག་གི་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ནོར་ཁྲལ་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བཟང་བོ་བསྡུ་བར་ཁག་ཐེག་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་བསྟན་དོན། ནོར་སྲིད་ནི་རྒྱལ་ཁབ་བཅོས་སྐྱོང་གི་རྨང་གཞི་དང་འདེགས་སྐྱོར་གལ་ཆེན་ཡིན། འདས་པའི་ལོ་གཅིག་ནང་། ནོར་སྲིད་སྡེ་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། ནོར་སྲིད་སྲིད་ཇུས་ལག་བསྟར་ནན་མོ་བྱས་ལ། ནོར་ཁྲལ་བཅོས་སྒྱུར་བརྟན་བརླིང་ངང་སྤེལ་ནས། ཕྱོགས་སོ་སོའི་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་དུ་འགྲེང་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་ལས་འགན་དང་དམ་དུ་དམིགས་པ། གཏན་འཇགས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། བྱ་བའི་གཙོ་གནད་འབུར་དུ་ཐོན་པར་བྱེད་པ། མཁྲེགས་གཏོར་གསུམ་གྱི་བྱ་བ་བཟང་བོར་བསྒྲུབ་པར་རྒྱབ་སྐྱོར་བྱེད་པ། གཏན་འཇགས་དྲུག་གི་བྱ་བ་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་ནས། དཔལ་འབྱོར་བརྟན་བརླིང་ངང་འཁོར་རྒྱུག་བྱེད་པ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་གཏན་འཇགས་ཡོང་བའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ནོར་སྲིད་སྲིད་ཇུས་བཟང་བོ་ཐད་ནས་སྤུས་འདེགས་ནུས་སྤེལ་བྱེད་པ་དང་། གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྔར་ལས་དོ་སྣང་བྱེད་དགོས། ཁྲལ་འཕྲི་ཡོན་གཅོག་གི་སྲིད་ཇུས་ལག་བསྟར་ནན་མོ་བྱེད་པ་དང་། ལག་བསྟར་བྱེད་པའི་གོ་རིམ་ཁྲོད་འཐུས་ཚང་དུ་བཏང་སྟེ། གྲུབ་འབྲས་སྔར་ལས་བཟང་བོ་ལེན་པར་བརྩོན་ལེན་བྱེད་དགོས། ཡོང་སྒོ་ལ་བརྟེན་ནས་འགྲོ་གྲོན་གཏན་ཁེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ནོར་སྲིད་འགྲོ་གྲོན་ལ་དོ་དམ་བཟང་བོ་བྱེད་པ། སྔོན་རྩིས་གྲུབ་འབྲས་ཐད་ཀྱི་དོ་དམ་ལ་ཤུགས་བསྣན་ནས། སྒོར་མོ་བཀོལ་བའི་གྲུབ་འབྲས་ལ་ལྟ་བ་དང་ཕན་འབྲས་ལྡན་ན་བཀོད་སྒྲིག་མང་པོ་བྱེད་པ། གྲུབ་འབྲས་ཆུང་ན་གནོན་ཤུགས་ཇེ་ཆུང་དུ་གཏོང་བ། ཕན་འབྲས་མེད་ན་འགན་འཁྲི་རྩད་གཅོད་བྱེད་དགོས། ཁྱབ་ཁོངས་གཙོ་བོའི་འགྲོ་གྲོན་དང་དགོས་མཁོར་འགན་སྲུང་བཟང་བོ་བྱེད་པ་དང་། ས་གནས་དང་ལྷག་པར་དུ་དཀའ་ཁག་ཆེ་སའི་སྤོ་བསྒྱུར་འགྲོ་གྲོན་ཚད་ཇེ་ཆེར་གཏོང་བ། ས་གནས་ཀྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ཏེ། འགན་སྲུང་གསུམ་གྱི་ཚད་མཐའ་དམ་སྲུང་བྱེད་དགོས། འབྲེལ་ཡོད་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་སྔོན་འགོག་དང་ཐག་གཅོད་དགོས། ཚོང་ར་ཅན་དང་བཅའ་ཁྲིམས་ཅན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཁྲིམས་ལྟར་དངུལ་རྩའི་ཉེན་ཁ་ཐག་གཅོད་དགོས། ལས་ཁུངས་བཅོས་སྒྱུར་གྱི་རྗེས་མཐུད་བྱ་བ་བཟང་བོར་བསྒྲུབ་པ་དང་། བཅོས་སྒྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དགོས། ནོར་ཁྲལ་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་དམ་འཛིན་བྱས་ཏེ། བློ་དཀར་སྤྱོད་གཙང་གི་ནོར་ཁྲལ་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།