ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་མགྱོགས་མྱུར་གྱིས་ཉེན་སྲུང་ཁྲོམ་ར་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས30ཉིན། ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་སྟེང་། མགྱོགས་མྱུར་གྱིས་ཉེན་སྲུང་ཁྲོམ་ར་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་བཏང་སྟེ། དྲང་གཞག་འགྲན་རྩོད་ལ་བརྟེན་ནས་ཉེན་སྲུང་ལས་རིགས་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པར་ནན་གྱིས་གསུངས། 

ཉིན་དེའི་ཚོགས་འདུའི་ཐོག་སྤྱི་ཚོགས་ཞབས་ཞུའི་ཁྱབ་ཁོངས་ཀྱི་ཚོང་ལས་ཉེན་སྲུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ལག་བསྟར་བྱས་ཏེ་།སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ཀྱི་དགོས་མཁོ་་ལེགས་པར་སྐོང་ཐུབ་པ་བྱ་རྒྱུ་རེད།

ལི་ཁེ་ཆང་གིས་རང་རྒྱལ་ནི་རྒན་རྒོན་ཅན་གྱི་སྤྱི་ཚོགས་སུ་སླེབས་ཡོད་པ་དང་། ལོ60ཡན་གྱི་རྒན་རྒོན་དུང་ཕྱུར2.5ལ་སླེབས་ཡོད་པས། ཁོང་ཚོའི་དགོས་མཁོ་དང་འཚམ་པའི་ཚོང་ལས་ཉེན་སྲུང་ཐོན་རྫས་མཁོ་འདོན་བྱེད་དགོས་པ་དང་ཆབས་ཅིག་ཚོགས་སྤྱི་གཞན་དག་གི་ཉེན་སྲུང་མཁོ་སྤྲོད་ཇེ་ལེགས་སུ་གཏོང་དགོས་པར་བསྟན།

གྲངས་གཞི་ལས་མངོན་པར། མིག་སྔར་གཞི་རྩའི་རྒན་གསོའི་དངུལ་དེ་རྒན་གསོའི་ཉེན་སྲུང་མ་ལག་ནང་གི“ཆིག་སྤྲོད་རྐྱང་བ”ཡིན་པ་དང་། ཁེ་ལས་ཀྱི་ལོ་ཕོགས་དང་ལས་རིགས་ཀྱི་ལོ་ཕོགས་འགོ་བཙུགས་པ་ཅུང་འཕྱི་བ་མ་ཟད་འཕེལ་རྒྱས་ཀྱང་དལ་བས། ཚོང་ལས་རྒན་གསོའི་ཉེན་སྲུང་ཚུད་པའི་ཕྱོགས་གསུམ་པའི་འཕེལ་རྒྱས་མངོན་གསལ་དོད་པོས་རྗེས་སུ་ལུས་ཡོད་པ་རེད།

“གཞི་རྩའི་རྒན་གསོའི་དངུལ་གྱི་ནུས་པ་གཙོ་བོ་ནི་གཞི་རྩ་ཉེན་སྲུང་བྱ་རྒྱུ་དེ་ཡིན། དར་རྒྱས་ཆེ་བའི་རྒྱལ་ཁབ་མང་པོ་ཞིག་གིས་ཚོང་ལས་འགན་བཅོལ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རྒན་གསོའི་རོགས་འདེགས་དང་ཡོང་ཁུངས་གལ་ཆེན་ཞིག་ཏུ་བརྩིས་ཡོད། “ང་ཚོའི་རྒྱལ་ཁབ་ཀྱིས་ཀྱང་ཚོང་ལས་རྒན་གསོའི་ཉེན་སྲུང་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས། རྒན་གསོའི་ཉེན་སྲུང་གི་གྲུབ་ཆ་ལེགས་སྒྲིག་དང་རྒན་རྒོན་གྱི་འཚོ་བའི་ཆུ་ཚད་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་རིམ་བཞིན་ཇེ་ལེགས་དང་མཐོ་རུ་གཏོང་དགོས།

ཉིན་དེའི་ཚོགས་འདུའི་སྟེང་རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་བཟུང་ནས་སྣ་མང་ཅན་གྱི་རྒན་གསོའི་ལོ་ཕོགས་ཉེན་སྲུང་ཐོན་རྫས་དང་། ལོ60ཡན་གྱི་རྒན་རྒོན་གྱི་དགོས་མཁོ་དང་འཚམ་པའི་སྨན་བཅོས་དང་བསམ་ཡུལ་ལས་འདས་པའི་གནོད་འཚེ་སོགས་ཀྱི་ཉེན་སྲུང་ཐོན་རྫས་གསར་སྤེལ་ལ་རྒྱབ་སྐྱོར་བྱ་རྒྱུ་གཏན་འབེབས་བྱས་པ་རེད། མགྱོགས་མྱུར་གྱིས་ཚོང་ལས་ཀྱི་ཡུན་རིང་བདག་སྐྱོང་ཉེན་སྲུང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། ཤུགས་ཆེན་པོས་ཚོང་ལས་ཉེན་སྲུང་ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས། ཉེན་སྲུང་ལས་ཁུངས་ཀྱིས་འཛད་སྤྱོད་པའི་དགོས་མཁོ་དང་བསྟུན་ནས་སྨན་བཅོས་དང་། ལྟ་སྐྱོང་། བུ་བཙའ་སོགས་ཁྱབ་ཁོངས་མང་པོར་ཁྱབ་པའི་ཕྱོགས་བསྡུས་རང་བཞིན་གྱི་ཉེན་སྲུང་ཐོན་རྫས་མཁོ་འདོན་བྱེད་པར་སྐུལ་ལྕག་བྱས་ཏེ། སྨན་བཅོས་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་སོགས་རིམ་བཞིན་བདེ་ཐང་ཉེན་སྲུང་ནང་འཇུག་དགོས། ཡོང་འབབ་དམའ་བའི་ཚོགས་སྤྱི་དང་ལས་རྣམ་གསར་པའི་ལས་གཉེར་མི་སྣར་ཕྱོགས་པའི་ཉེན་སྲུང་ཐོན་རྫས་འཕེལ་རྒྱས་གཏོང་དགོས་པ་གཏན་འབེབས་གནང་། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།