ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་སར་གྱི་ཇ་སྟོན་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོམས་ཆེན་ནང་ལོ་སར་གྱི་ཇ་སྟོན་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཇ་སྟོན་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོམས་ཆེན་ནང་ལོ་སར་གྱི་ཇ་སྟོན་ཚོགས་འདུ་བསྡུས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཇ་སྟོན་ཚོགས་འདུར་ཞུགས་པར་མ་ཟད་རིག་རྩལ་འཁྲབ་སྟོན་ལ་བལྟས།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོམས་ཆེན་ནང་ལོ་སར་གྱི་ཇ་སྟོན་ཚོགས་འདུ་བསྡུས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣ། ཏང་ཁག་གང་ལ་ཡང་མི་གཏོགས་པའི་འཐུས་མི། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཕྱོགས་སོ་སོའི་འགན་ཁུར་མི་སྣ་དང་རྒྱལ་སའི་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་ཚབ་མི་སྣ་མཉམ་དུ་འཛོམས་ནས། 2020ལོའི་ལོ་སར་བསུས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཇ་སྟོན་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། འབྱོང་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ནས་ཀྲུང་ཧྭ་མི་རིགས་ཀྱིས་བརྩོན་ལེན་བྱེད་པའི་མཛེས་སྡུག་གི་ཕུགས་འདུན་ཁྱེར་ཡོད་ལ། དུས་ཡུན་རིང་བོའི་དཀའ་སྡུག་གི་འཚོལ་ཞིབ་དང་འབད་འཐབ་ལྷོད་མེད་བརྒྱུད་དེ། ང་ཚོས་འབྱོར་འབྲིང་སྤྱི་ཚོགས་ཡོངས་འགྲུབ་བྱེད་ལ་ཉེ་བ་དང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་གྱི་རླབས་ཆེན་གྱི་རྒྱལ་ཁ་མངོན་འགྱུར་བྱེད་ལ་ཉེ། དེ་ནི་དཔའ་ངར་ཞུམ་མེད་དང་ཡུན་རིང་འབད་འཐབ་བྱས་པའི་གྲུབ་འབྲས་ཡིན་ལ། འཐབ་ལམ་གསར་བར་ཞུགས་པ་དང་ཡང་བསྐྱར་འགོ་རྩོམ་པའི་སྐུལ་སློང་དེ་ལས་ཀྱང་ཡིན། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྲུང་གོ་གུང་ཁྲན་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་པའི་ཆབ་སྲིད་ཀྱི་དགེ་མཚན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དགེ་མཚན་འདོན་སྤེལ་བྱེད་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཀའ་སྤྱད་མདུན་སྐྱོད་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་ལ་མཁས་པར་བྱས་ན། བརྒྱ་ལོ་དང་པོའི་འཐབ་རྩོད་དམིགས་འབེན་གྱི་རྒྱལ་ཁ་ལེན་ཐུབ་པར་ང་ཚོ་ཡིད་ཆེས་བརྟན་པོ་ཡོད་ཟེར།

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་སོ་སོའི་ཚབ་བྱས་ནས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་བཟོ་བ་དང་ཞིང་བ། ཤེས་ལྡན་མི་སྣ། ལས་བྱེད་པ་དང་ལས་རིགས་སོ་སོའི་མི་སྣ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འདོན་འཐབ་མོ་བ། དྲག་ཆས་ཉེན་རྟོག་གི་དཔོན་དམག སྤྱི་བདེ་ཉེན་རྟོག་པ་དང་མེ་གསོད་མྱུར་སྐྱོབ་རུ་ཁག་གི་བཀོད་འདོམས་འཐབ་མོ་བ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ ཐེ་ཝན་གྱི་སྤུན་ཟླ་དང་ཕྱིར་སྡོད་རང་མི། ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ཐད་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་སོ་སོའི་གྲོགས་པོ་བཅས་ལ་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་ཚང་མར་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། 2019ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་ལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་གི་ལོ་ཡང་ཡིན། ལོ་གཅིག་རིང་ལ། ང་ཚོས་མཉམ་དུ་འབད་འཐབ་བྱས་པ་དང་མཉམ་དུ་དཀའ་ངལ་ཁྱད་སེལ་བྱས་པས། གྲུབ་འབྲས་མང་པོ་བླངས། ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་རྩོད་མངོན་གསལ་སྒོས་ཇེ་མང་དུ་འགྲོ་བའི་རྙོག་འཛིང་གི་རྣམ་པ་ཁ་གཏད་འཇལ་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ལ། མཁྲེགས་གཏོར་གསུམ་གྱི་བྱ་བ་བཟང་བོར་བསྒྲུབས་པ་དང་། དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཐད་ནས་གྲུབ་འབྲས་གསར་བ་ཆེན་པོ་བླངས་ལ། དབུལ་ཐར་མཁྲེགས་གཏོར་མུ་མཐུད་དུ་ཤུགས་ཡོད་པའི་སྒོ་ནས་སྤེལ་བ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དམིགས་ཚད་གཙོ་བོ་སྤེལ་ཚད་སྔོན་རྩིས་དང་མཐུན་པར་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་རྨང་གཞི་སྔར་ལས་བརྟན་པོ་བཏིངས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་འདིའི་ནང་། ང་ཚོས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་མུ་འབྲེལ་རྟེན་འབྲེལ་བྱ་འགུལ་སྤེལ་ནས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས་འགྲེམ་སྟོན་བྱས་པ་དང་། ཀྲུང་གོ་གསར་བ་དང་དུས་རབས་གསར་བར་འབད་འཐབ་བྱེད་པའི་འགྱུར་ཁུག་སྙན་མོ་དཀྲོལ་ལ། ཏང་ཡོངས་དང་རྒྱལ་ཡོངས། དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོའི་རྒྱལ་གཅེས་ཀྱི་སེམས་པ་དང་འབད་འཐབ་ཀྱི་སྤོབས་པ་ཆེར་སྐྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་ཆེན་པོ་དང་ཚེ་སྲོག་ནུས་ཤུགས་ཆེན་པོ་མངོན་པར་བྱས། ལོ་འདིའི་ནང་། ང་ཚོས་མུ་མཐུད་དུ་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱས། ད་ལོར་ཀྲུང་དབྱང་བཅོས་བསྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གིས་བཀོད་སྒྲིག་བྱས་པའི་བཅོས་བསྒྱུར་གྱི་ལས་འགན་གཙོ་བོ་ཞེ་དྲུག་དང་བཅོས་བསྒྱུར་གྱི་ལས་འགན་གཞན་པ་རེ་གཅིག་ཧ་ལམ་ཡོངས་འགྲུབ་བྱས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ད་དུང་བཅོས་བསྒྱུར་གྱི་ལས་འགན་བརྒྱ་དང་དོན་བརྒྱད་ཡོངས་འགྲུབ་བྱས་ལ། ཕྱོགས་སོ་སོས་བསྡོམས་པས་བཅོས་བསྒྱུར་གྱི་ཇུས་གཞི་ཉིས་བརྒྱ་དང་གྱ་ལྔ་ཕྱིར་བཏོན། ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་དུ། ཕྱོགས་སོ་སོས་བཅོས་བསྒྱུར་གྱི་ཇུས་གཞི་སྟོང་གཉིས་དང་ཉིས་བརྒྱ་བཅུ་བདུན་ཕྱིར་བཏོན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་འདིའི་ནང་། ཀྲུང་གོ་གུང་ཁྲན་ཏང་གིས་ཏང་ཡོངས་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི་བརྗོད་དོན་སློབ་གསོ་སྤེལ་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ལ། བློ་བརྟན་འགྱུར་མེད་ཀྱིས་སྲོལ་ངན་བཞི་དང་ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྐྱོང་བྱས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུསྤེལ། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ཚུན་གྱི་ལམ་ལུགས་འཛུགས་སྐྲུན་ཐད་ཀྱི་གྲུབ་འབྲས་དང་ཉམས་མྱོང་སྤྱི་སྡོམ་བྱས་པ་དང་། དུས་རབས་གསར་བའི་རང་རྒྱལ་གྱི་ལམ་ལུགས་འཛུགས་སྐྲུན་ཐད་ནས་ཅི་ཞིག་རྒྱུན་འཁྱོངས་དང་སྲ་བརྟན་དུ་གཏོང་བ་དང་། ཅི་ཞིག་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་བའི་གནད་དོན་གལ་ཆེན་ཐད་ནས་ལན་གསལ་བོ་བཏབ་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དགེ་མཚན་ཕྱིར་བཏོན་པ་དང་། ཀྲུང་གོ་མི་དམངས་ཀྱིས་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བའི་གདིང་ཤུགས་ཇེ་དྲག་ཏུ་བཏང་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། 2020ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བཟང་བོར་བསྡུ་བའི་ལོ་ཡིན། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འགན་འཁྲི་གཟི་བརྗིད་ལྡན་པ་དང་འགན་ཁུར་ཧ་ཅང་ལྕི་བས། ང་ཚོས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་ལས་འགན་དང་དམ་དམིགས་པ། ཕྱོགས་ལྔ་གཞི་གཅིག་གི་སྤྱི་ཁོག་གི་བཀོད་སྒྲིག་གཅིག་གྱུར་སྒོས་སྤེལ་བ། མཐུན་སྦྱོར་ངང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་སྤེལ་བ། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་རྨང་དགོངས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ། གཏན་འཇགས་འཕར་སྣོན་དང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། དམངས་ཚིས་ལ་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བྱེད་པ། གཏན་འཇགས་རྒྱུན་འཁྱོངས་བྱེད་པའི་བྱ་བ་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་པ། སྤུས་ཚད་མཐོན་པོས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་བླངས་ཏེ། དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས། ང་ཚོས་མུ་མཐུད་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཞང་ཀང་གི་མིས་ཞང་ཀང་སྐྱོང་བ། ཨོ་མིན་གྱིས་ཨོ་མིན་སྐྱོང་བ། ཚད་མཐོན་པོའི་རང་སྐྱོང་གི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། ཞང་ཀང་དང་ཨོ་མིན་གྱི་ཡུན་རིང་གི་དར་རྒྱས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། དགུ་གཉིས་ཐུན་མོང་གི་ལྟ་བའི་རྨང་གཞིའི་སྟེང་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེ་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ང་ཚོས་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་གྱི་དར་ཆ་མཐོན་པོར་བསྒྲེང་བ་དང་། ཕྱི་ཕྱོགས་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་མེད་ལས་དོན་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་འདིའི་ནང་། མི་དམངས་སྲིད་གྲོས་ཀྱིས་བསམ་བློ་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་ཤུགས་བསྣན་པ་དང་། ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ལ། དམངས་གཙོ་དར་སྤེལ་གཏོང་བ་དང་མཐུན་སྒྲིལ་ཇེ་དམ་དུ་གཏོང་བ་གཉིས་ཕན་ཚུན་སྦྲེལ་མཐུད་བྱས་པ་དང་། བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་བ་གཉིས་ཀྱི་སྟེང་ཤུགས་བཏོན་ལ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོར་དམ་དུ་དམིགས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག ལོ་གསར་བའི་ནང་། མི་དམངས་སྲིད་གྲོས་ཀྱིས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་ཞབས་འདེགས་ཞུ་རྒྱུ་དེ་བྱ་བའི་གཙོ་གནད་དུ་བྱེད་པ་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་སྒྲིལ་རྒྱུ་དེ་དཀྱིལ་སྙིང་དུ་འཛིན་པ། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་དགེ་མཚན་དེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་ལས་འགན་དང་དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་མངོན་འགྱུར་བྱེད་ཆེད་སེམས་ཤུགས་གཅིག་བསྒྲིལ་བྱེད་དགོས་ཟེར།

ཇ་སྟོན་ཚོགས་འདུར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་འགོ་མཛིན་མཛད། ཁོང་གིས་བསྟན་དོན། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚགས་ཐེངས་བཞི་བ་དང་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ། སེམས་ཤུགས་གཅིག་བསྒྲིལ་དང་མཐུན་སྒྲིག་འབད་འཐབ་བྱེད་པ། འཐབ་ཕྱོགས་གཅིག་གྱུར་དང་མི་དམངས་སྲིད་གྲོས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་དགེ་མཚན་དེ་རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཟེར།

ཅིག་སན་སློབ་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཝུའ་ཝེ་ཧྭས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣའི་ཚབ་བྱས་ཏ་གཏམ་བཤད།

ཇ་སྟོན་ཚོགས་འདུའི་སྟེང་། ཞི་ཅིན་ཕིང་གིས་ལས་རིགས་སོ་སོ་ནས་ཡོང་བའི་མི་སྣ་ཚོ་དང་རེ་རེ་བཞིན་ལག་འཇུ་བྱས་པ་དང་ཕན་ཚུན་ལ་འཚམས་འདྲི་ཞུས། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་སྐོར་ཞིག་དང་རིག་རྩལ་བྱ་བ་སྒྲུབ་མཁན་ཚོས་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས།

པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་སྐོར་ཞིག རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་བློ་མཐུན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ཁུར་བའི་པེ་ཅིན་དུ་སྡོད་པའི་བློ་མཐུན་རྒན་པ་བཅས་ཇ་སྟོན་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།