ཞི་ཅིན་ཕིང་གིས་2020ལོའི་ལོ་གསར་གྱི་ཤིས་ཚིག་གསུང་རྒྱུ་ཡིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས31ཉིན་གྱི་དགོང་མོའི་ཆུ་ཚོད7པར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དྲ་སྦྲེལ་བརྒྱུད་དེ་2020ལོའི་ལོ་གསར་གྱི་ཤིས་ཚིག་གསུང་རྒྱུ་ཡིན་པ་རེད།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཁོངས་གཏོགས་ཀྱི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་དང་། གསར་འགྱུར་འཕྲིན་ལམ། རྒྱ་ཡིག་རྒྱལ་སྤྱིའི་འཕྲིན་ལམ་བཅས་དང་། ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱི་སྐད་འཕྲིན་ལམ་སོ་སོ། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས། དེ་བཞིན་མི་དམངས་དྲ་བ་དང་། ཤིན་ཧྭ་དྲ་བ། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་སྟེགས་བུ་སོགས་ཀྲུང་དབྱང་གི་གསར་འགྱུར་སྨྱན་སྦྱོར་གཙོ་བོའི་ཁོངས་གཏོགས་དྲ་ཚིགས་དང་སྨྱན་སྦྱོར་གསར་པའི་ལས་སྟེགས་སུ་དུས་ཐོག་ཏུ་སྟོན་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།