ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ཕྱི་ཕྱོགས་སྒྲོག་འགྲེལ་ཚོགས་པས་རྒྱ་གར་དང་ཧྥི་ལི་ཕིང་། ཙན་པི་ཡ། ཀག་ན། ཐུའུ་ཁུའུ་མན་སི་ཐན། ཐ་ཅི་ཁི་སི་ཐན། ཨུ་རུ་སི་དཀར་པོ་བཅས་ལ་འཚམས་འདྲི་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ཕྱི་ཕྱོགས་སྒྲོག་འགྲེལ་ཚོགས་པས་རྒྱ་གར་དང་ཧྥི་ལི་ཕིང་། ཙན་པི་ཡ། ཀག་ན། ཐུའུ་ཁུའུ་མན་སི་ཐན། ཐ་ཅི་ཁི་སི་ཐན། ཨུ་རུ་སི་དཀར་པོ་བཅས་ལ་འཚམས་འདྲི་བྱས། སྒྲོག་འགྲེལ་ཚོགས་པས་ས་གནས་ཀྱི་ལས་རིགས་སོ་སོའི་འཐུས་མི་དང་འབྲེལ་འདྲིས་བྱས་པ་དང་ཆེད་དོན་སྙན་ཞུ་ཚོགས་འདུ་བསྡུས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་མཚམས་སྦྱོར་བྱས། ས་གནས་མི་སྣས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་གྲུབ་འབྲས་དང་དོན་སྙིང་གལ་ཆེན་ལ་གདེང་འཇོག་ཆེན་པོ་གནང་བར་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་ལ་སློབ་སྦྱོང་དཔྱད་གཞིར་འཛིན་པ་དང་རྒྱུན་མཐུད་སྒོས་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།